མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་བཞི་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་བཞི་པ་བསྡུས་ཤིང་། རྩིས་བཤེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། འབྲེལ་ཡོད་ཡིག་ཆར་གྲོས་བསྡུར་དང་གྲོས་ཞིབ་བྱས་པར་མ་ཟད། འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་ཏང་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཞིང་ཆེན་ཏང་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཐེང་ཅ་ཚའེ་དང་། ཨུ་ཡོན་ལི་ཅེ་ཞང་། ཡུས་ཚུང་ལེ། ཀྲང་ཀོང་རུང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད། 

གྲོས་ཚོགས་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་ཡང་དག་ལེན་པ་དང་། ཁོང་དུ་ཟབ་མོར་ཆུད་པ། ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། ཁྲིམས་ལྟར་གཟབ་ནན་ཏན་ཏིག་དང་། ནུས་ལྡན་གོ་རིམ་ཡོད་པ། ཕན་ནུས་ལྡན་པ་བཅས་ཀྱི་སྒོ་ནས་རྩིས་བཤེར་ལས་དོན་ཡག་པོ་སྒྲུབ་དགོས། ལྷག་པར་དུ་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གི་རྩིས་བཤེར་གཞན་དག་ལ་ཤུགས་སྣོན་པ། རྩིས་བཤེར་ཤེས་རྟོགས་ཀྱི་གནད་དོན་དག་ཐེར་ལ་དམ་འཛིན་ནན་མོ་བྱས་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རང་རྟོགས་ངང་ཞབས་འདེགས་ཞུས་ཡོད། ཁྲིམས་ལྟར་ལས་དོན་སྒྲུབ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས། སྔོན་རྩིས་ཀྱི་འགག་རྩ་ནི་གནད་ལ་འཁེལ་བར་བརྩི་རྒྱུ་དང་། གཏོང་སྒོའི་འགག་རྩ་ནི་གཏོང་སྒོ་ལུགས་མཐུན་ཡོང་བར་ཐུག་ཡོད། ནོར་སྲིད་ཀྱིས་འགག་སྒོ་ཡག་པོ་སྲུང་ནས་རྩིས་བཤེར་བྱས་ན་གཞི་ནས་བདེ་འཇགས་ཡོང་ཐུབ། ནོར་སྲིད་ཀྱིས་ཁྲིམས་ལྟར་སྔོན་རྩིས་དང་ཁྲིམས་ལྟར་གཏོང་སྒོ་གཏོང་བ་དང་། རྩིས་བཤེར་གྱིས་ཁྲིམས་ལྟར་རྩིས་བཤེར་དང་ཁྲིམས་ལྟར་ལྟ་སྐུལ་བཅས་བྱས་ཏེ། ནོར་སྲིད་དང་རྩིས་བཤེར་སྡེ་ཁག་གིས་ཁྲིམས་བཀུར་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་ཕན་ཚུན་སྤེལ་ཟླ་བྱེད་རེས་ཡོང་བར་སྐུལ་འདེད་གཏོང་དགོས། འགག་སྒོ་སྔོན་སྤོས་ཀྱི་སྔོན་འགོག་གཙོ་བོར་བཟུང་སྟེ་ནོར་སྲིད་ཀྱིས“ཡོད་མེད”ཀྱི་གནད་དོན་ཐག་གཅོད་བྱས་ན། འགག་སྒོ་མདུན་དུ་སྤོས་ཏེ་གཞི་ནས་ཡོང་སྒོར་བསྟུན་ཐུབ་པ་རེད། རྩིས་བཤེར་གྱིས“བཟང་ངན”གྱི་གནད་དོན་ཐག་གཅོད་བྱས་ན། སྔོན་འགོག་སྔོན་ན་ཡོད་པས་ད་གཟོད་གཏོང་མང་ཡོང་ཉུང་གི་གནས་ཚུལ་མི་ཡོང་བར་བྱེད་ཐུབ། ནོར་སྲིད་བདེ་ཐང་ནི་རྩིས་བཤེར་གྱི་རོགས་རམ་ལ་བརྟེན་དགོས་པ་དང་། རྩིས་བཤེར་བདེ་ཐང་ནི་འགན་འཁྲི་འཁུར་སེམས་ལ་བརྟེན་དགོས་ཤིང་། སྔོན་འགོག་ནི་ཆེས་དཔལ་འབྱོར་དང་ཆེས་ཕན་ནུས་ལྡན་པའི་ལས་ཀའི་བྱེད་ཐབས་ཤིག་ཡིན། ནོར་སྲིད་རྩིས་བཤེར་གྱི་སྒྲིག་ཁྲིམས་གཟབ་ནན་དུ་གཏོང་དགོས། རྒྱལ་ཁབ་ཀྱི་དངུལ་ནི་མི་སེར་གྱི་དངུལ་ཡིན་པ་དང་། རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་བླ་ན་མེད་པ་ཡིན། ནོར་སྲིད་ཀྱིས་མི་ལ་ཕོག་ཐུག་གཏོང་བར་མི་སྐྲག་ན་ད་གཟོད་རྒྱལ་ཁབ་ཡག་པོ་སྐྱོང་ཐུབ། རྩིས་བཤེར་གྱིས་དགྲ་ཟླ་བཟོ་བར་མི་སྐྲག་ན་ད་གཟོད་འགག་སྒོ་ནན་མོ་སྲུང་ཐུབ། སྔོན་རྩིས་ལག་བསྟར་ནན་མོ་དང་། རྩིས་བཤེར་ལྟ་སྐུལ་ནུས་ལྡན། གནད་དོན་དག་ཐེར་ཡོ་བསྲང་མཐའ་གཅིག་ཏུ་བྱེད་པ་བཅས་ངེས་པ་དོན་གྱིས་བསྒྲུབ་ཐུབ་དགོས། ལས་ཀའི་རང་འགུལ་བྱེད་སེམས་ཆེ་རུ་གཏོང་དགོས། དུས་རབས་གསར་པ་ནི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་སྒྲུབ་པའི་དུས་རབས་ཤིག་ཡིན་ཞིང་། ནོར་སྲིད་ལས་དོན་རང་འགུལ་གྱིས་བསྒྲུབ་ཚེ། མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར་ཆེ་རུ་འཕེལ་ཐུབ། རྩིས་བཤེར་ལས་དོན་རང་འགུལ་གྱིས་སྤེལ་ཚེ། མ་དངུལ་གྱི་ལུགས་མཐུན་རང་བཞིན་དང་བདེ་འཇགས་རང་བཞིན། ནུས་ལྡན་རང་བཞིན་བཅས་ལ་འགན་ལེན་བྱེད་ཐུབ། རང་འགུལ་ངང་བརྩོན་ལེན་དང་རང་འགུལ་ངང་ལས་གནས་ཐོག་སླེབས་ཚེ། འགྱུར་ལྡོག་གསར་པར་སྔར་བས་ལེགས་པོའི་སྒོ་ནས་འཚམ་ཐུབ་པ་དང་འགྲན་སློང་གསར་པར་ཁ་གཏད་གཅོག་ཐུབ། ལྟེ་བར་དམིགས་ནས་ཁྱོན་ཡོངས་ལ་ཞབས་ཞུ་དང་། རྒྱུན་ལྡན་ཅན་གྱི“དཔལ་འབྱོར་བརྟག་བཤེར”བྱེད་དགོས། ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་དོགས་ཟོན་སྔར་བས་དམ་པོ་བྱས་ཏེ། ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་བཏང་ནས་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གསར་པ་འཇོག་དགོས། “འགན་ལེན་དྲུག”དམ་འཛིན་བྱས་ནས“བརྟན་བརླིང་དྲུག”ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་འཁོར་སྐྱོད་ཚུལ་མཐུན་གྱི་བར་ཁོངས་སུ་བྱས་རྗེས་གསར་པ་འཇོག་པ། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ཐད་བྱས་རྗེས་གསར་པ་འཇོག་དགོས། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།