མཚོ་སྔོན་གྱི་སྤྱི་ཚོགས་འགན་བཅོལ་གཱ་ཡི་ལས་སྒོ“འཕྲལ་དུ་སྒྲུབ་པ་དང་། གནས་མང་དུ་གཉེར་བ། ས་ཚིགས་གཅིག་གིས་གཉེར་བ”བཅས་མངོན་འགྱུར་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་ཤེས་རྟོགས་བྱུང་གསལ། མཚོ་སྔོན་གྱི་སྤྱི་ཚོགས་འགན་བཅོལ་གཱ་དུས་ཐོག་ཏུ་བཟོས་ནས་གཱ་བཟོ་བའི་ལས་སྒོ་གཉེར་རྗེས་གཱ་བཟོ་བའི་དུས་འཁོར་དེ་སྔའི་ཟླ2ནས་སྐར་མ10བར་ལ་ཉུང་དུ་ཕྱིན་ཡོད། 2020ལོའི་ཟླ6པའི་བར་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་གཱ་འཕྲལ་དུ་བཟོ་བའི་ས་ཚིགས་དེ་ལོ་འགོའི93ནས366བར་མང་དུ་ཕྱིན་ཡོད་པ་དང་། མིག་སྔར་ཞིང་ཆེན་ཡོངས་སུ་རིམ་རྩིས་བྱས་ན་དུས་ཐོག་ཏུ་གཱ་ཁྲི49.4བཟོས་ཡོད་ལ། དེའི་ནང་གསར་དུ་རེ་ཞུ་བྱས་པ་ཁྲི29.7དང་གཱ་གསབ་བརྗེ་བྱས་པ་ཁྲི19.7ཡོད་པ་རེད།

དུས་མཚུངས་སུ། “མགྱོགས་མྱུར་གཱ་སྤྲོད་པའི་ས་ཚིགས་ཚང་མ་ས་ཁུལ་དེ་གའི་སྤྱི་ཚོགས་འགན་བཅོལ་གཱ་ཡི་མཉམ་ལས་དངུལ་ཁང་ཚང་མར་ཁྱབ་པ་དང་། ཆུས་དང་རྫོང་རེས་ཉུང་མཐར་ཡང་བྱང་བུ་མགྱོགས་མྱུར་སྤྲོད་སའི་ས་ཚིགས2འཛུགས་དགོས་པའི”བླང་བྱ་ལྟར། མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྐབས་འཕྲལ་གཱ་བཟོ་བའི་ས་ཚིགས་ཀྱིས་སྤྱི་ཚོགས་འགན་བཅོལ་གཱ་ཡི་ལས་སྒོ་གཉེར་ཐུབ་པ་བྱུང་ཡོད། འཛུགས་སྐྲུན་དངུལ་ཁང་གི་རིག་ལྡན་སྒྲོམ་ཞབས་འཕྲུལ་འཁོར་གཅིག་འཐུས་རྣམ་པའི་ཐོག་ནས་གཱ་དང་གཱ་བརྗེ་བའི་ལས་སྒོ་དེ་འཕྲལ་དུ་གཱ་བཟོ་བར་སྐར་མ5བར་ཐུང་དུ་འགྲོ་རྒྱུ་རེད། མིག་སྔའི་བར། མཚོ་སྔོན་ཞིང་ཆེན་གྱི་རྫོང་དང་ཆུས45ཡི་ཁྲོད་རྫོང་དང་ཆུས44རུ་སྤྱི་ཚོགས་འགན་སྲུང་གཱ་བཟོ་བའི་མཉམ་ལས་དངུལ་ཁང་གཉིས་ཡན་ཡོད་པ་མ་ཟད། ཚང་མར་འཕྲལ་དུ་གཱ་བཟོ་བའི་སྒྲིག་ཆས་བཀོད་སྒྲིག་བྱས་ཡོད་ལ། གཱ་ཁྱེར་ནས་སྤྱི་ཚོགས་འགན་སྲུང་གཱ་ཡི་ལས་སྒོ་གཉེར་རྒྱུར་སྟབས་བདེ་བསྐྲུན་ཡོད། ས་ཚིགས40ཤང་དང་གྲོང་རྡལ་དུ་སྣུར་སྲིང་བྱས་ཏེ། གྲོང་གསེབ་ཀྱི་ཡུལ་མིས་ཤང་དང་གྲོང་རྡལ་དུ་སྤྱི་ཚོགས་འགན་བཅོལ་གཱ་ཐད་ཀར་བཟོས་ནས་ཐག་རིང་ལུང་ཁུག་ས་ཁུལ་གྱི་མི་སེར་ལ་གྲོང་ཚོ་ནས་སྤྱི་ཚོགས་འགན་བཅོལ་གཱ་སྒྲུབ་ཐུབ་པའི་ཞབས་ཞུ་མཁོ་འདོན་བྱས་ཡོད།

གཞན་ཡང་། མཚོ་སྔོན་ཞིང་ཆེན་གྱི་གཱ་ཡོད་མཁན་གྱིས་ཞིང་ཆེན་ཡོངས་ཀྱི་མཉམ་ལས་དངུལ་ཁང་གི་སྤྱི་ཚོགས་འགན་བཅོལ་གཱ་ཡི་ཞབས་ཞུའི་ས་ཚིགས་གང་རུང་ཞིག་ཏུ་སྤྱི་ཚོགས་འགན་བཅོལ་གཱ་ཡི་རེ་ཞུ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་ནུས་པ་དང་དངུལ་རྩའི་ནུས་པ་སྐུལ་སློང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་གསང་བའི་ཨང་རྟགས་སྲུང་སྐྱོང་། གློག་རྡུལ་སྤྱི་ཚོགས་འགན་བཅོལ་གཱ་ཡི་མཆན་འགོད་སོགས་ཀྱི་ལས་སྒོ་ཐེངས་གཅིག་ལ་གཉེར་ཆོག་གི་ཡོད་ལ། “གཅིག་འཐུས་རྣམ་པའི་”སྤུས་ལེགས་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོད། གཱ་འཛིན་མཁན་ཕར་འགྲོ་ཚུར་འོང་བྱེད་མི་དགོས་པར། སྒོ་འགྲམ་དུ་སྤྱི་ཚོགས་འགན་བཅོལ་གཱ་ཡི་ལས་སྒོ་གཉེར་ཐུབ་ནས་གཱ་བདག་ཏུ་འཛིན་མཁན་གྱིས་སྤྱི་ཚོགས་འགན་བཅོལ་གཱ་ཡི་ལས་སྒོ་སྒྲུབ་པའི་དཀའ་གནད་ཐག་གཅོད་ཐུབ་པ་བྱུང་བ་དང་། སྤྱི་ཚོགས་འགན་བཅོལ་གཱ་དངོས་འབྲེལ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་མང་ཚོགས་ཀྱི་བྱ་བ་སྒྲུབ་པའི“མཐའ་མའི་འགག་གནད”སེལ་བ་རེད།

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་རབས་གསུམ་པའི་སྤྱི་ཚོགས་འགན་སྲུང་གཱ་འགྲེམས་སྤེལ་གྱི་ཐོབ་ཐང་ཐོབ་པའི་དངུལ་ཁང་དང་ཡུན་ཕན་ཞབས་ཞུའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་བ་དང་། ལས་སྒྲུབ་བརྒྱུད་རིམ་ཚད་ལྡན་དུ་བཏང་བ། མཉམ་ལས་དངུལ་ཁང་གི་སྤྱི་ཚོགས་འགན་བཅོལ་གཱ་ཡི་ཞབས་ཞུའི་ས་ཚིགས་ཀྱི་མཚོན་རྟགས་གཅིག་གྱུར་ཐོག་བཀལ་ནས་སྤྱི་ཚོགས་འགན་བཅོལ་གཱ་ཡི་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་བཏང་ཏེ། སྤྱི་ཚོགས་འགན་བཅོལ་གཱ་ཡི“གཱ་གཅིག་ཀུན་འཐུས་”ཀྱི་དྲ་ཐོག་དང་དྲ་ཕྱིའི་ཞབས་ཞུའི་བར་ཐག་མེད་པ་མངོན་འགྱུར་བྱས་པ་དང་། སྤྱི་ཚོགས་འགན་སྲུང་གཱ་དེ་སྲིད་དོན་ཞབས་ཞུ་དང་སྤྱི་ཚོགས་བཅོས་སྐྱོང་ལ་རམ་འདེགས་བྱེད་པའི“དམངས་འཚོའི་གཱ”ཞིག་ཏུ་འགྱུར་བར་བྱས་ནས། མང་ཚོགས་ཀྱིས་ཁས་ལེན་པའི“བདེ་སྐྱིད་གཱ”ཞིག་ཏུ་གྱུར་ཡོད་པ་རེད། །

རྩོམ་སྒྲིག་པ། འབུམ་པ་རྒྱལ།

དཔྱད་མཆན 0 ཡོད།