ཟླ7པའི་ཚེས9ཉིན་ནས་བཟུང་མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་གློག་རྡུལ་པ་སེ་ཁྱབ་གདལ་དུ་བཏང་བ།

ཀྲུང་གོ་བིད་ཀྱི་དྲ་བའི་འཕྲིན།  ཟླ7པའི་ཚེས8ཉིན།  གསར་འགོད་པས་ཀྲུང་གོའི་ལྕགས་ལམ་མཚོ་བོད་ཚོགས་སྒྲིལ་ཚད་ཡོད་ཀུང་སི་ནས་རྒྱུས་ལོན་པ་ལྟར་ན།   ཟླ7པའི་ཚེས9ཉིན་ནས་བཟུང་མཚོ་བོད་ཚོགས་སྒྲིལ་ཀུང་སིས་མཚོ་བོད་ལྕགས་ལམ་གྱི་ས་ཚིགས་རེ་རེ་ནས་གློག་རྡུལ་པ་སེའི་ཉོ་ཚོང་བྱ་རྒྱུ་འགོ་ཚུགས་པ་རེད།  ལྷ་གཞིས་ལྕགས་ལམ་གྱི་གཞིས་ཀ་རྩེའི་འབབ་ཚིགས་ཀྱི་མྱུར་བགྲོད་ལྕགས་ལམ་དུ་ཁྱབ་གདལ་དུ་བཏང་ནས་གློག་རྡུལ་པ་སེ་ཉོ་ཚོང་བྱེད་རྒྱུར་ལག་བསྟར་བྱས་པ་དང་།  མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་བོ་དང་ལྷ་གཞིས་ལམ་ཐིག་སོ་སོ་ནས་གློག་རྡུལ་པ་སེ་ཁྱབ་གདལ་དུ་བཏང་བ་རེད།  རྗེས་ཕྱོགས་མཚོ་བོད་ཞིང་ཆེན་གཉིས་ནས་འགྲོ་འོང་བྱེད་མཁན་གྱི་འགྲུལ་པ་མང་ཚོགས་ལ་གློག་རྡུལ་པ་སེ“ལག་ཁྱེར་གཅིག་གིས་ཤར་བགྲོད”བྱེད་ཐུབ་པའི་སྟབས་བདེ་ལོངས་སྤྱོད་བྱེད་ཐུབ་པ་དང་ཕྱིར་སྐྱོད་ཀྱི་ཉམས་མྱོང་སྔར་བས་ཇེ་ཟབ་ཏུ་འགྲོ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན་གློག་རྡུལ་པ་སེ་ཁྱབ་གདལ་དུ་བཏང་བ་དེས་དཔྱིད་གསར་སྐྱེལ་འདྲེན་དང་དབྱར་གསེང་སྐྱེལ་འདྲེན།  གུང་གསེང་རིང་མོ།  རྫོགས་ལྡན་གཟའ་འཁོར་བཅས་ཀྱི་འགྲུལ་པ་མང་ཤོས་སོགས་དུས་སྐབས་ཁག་དང་།  ལམ་ཐིག་དང་ཁོངས་གཏོགས་སོ་སོ།  ཡུལ་ལྗོངས་ཁག་བཅས་ཀྱི་བཀོལ་སྤྱོད་ཚོད་བགམ་བརྒྱུད་དེ་གོ་རིམ་ལྡན་པའི་འཁོར་སྐྱོད་བདེ་འཇགས་དང་བརྟན་པོ་ཡིན་ལ། འགྲུལ་པ་མྱོང་ཚོར་ཟབ་མོ་ཡོད་པ། ལག་རྩལ་གསོག་འཇོག་དང་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པས་མྱུར་བགྲོད་ལྕགས་ལམ་ལག་བསྟར་བྱ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།  ཟླ6པའི་ཚེས20ཉིན་མཚོ་བོད་ཚོགས་སྒྲིལ་ཀུང་སིས་ཟི་ལིང་དང་།  ཕིན་ཨན།  ལོ་ཏུའུ།  ཧའེ་ཧྲི་ཝན་མེ་འཁོར་འབབ་ཚུགས་བཅས་སུ་གློག་རྡུལ་པ་སེ་ལག་བསྟར་བྱས་རྗེས།  དུས་ཡུན་ཉིན20རིང་སྒྲིག་ཆས་གསར་བ་བརྗེས་པ་དང་།  མི་སྣ་གསོ་སྦྱོང་།  སྔོན་དུ་སྙོམས་སྒྲིག་ཚོད་ལྟ་སོགས་ཀྱི་ལས་དོན་སྤེལ་བ་བརྒྱུད།  མཚོ་བོད་གཞུང་ལམ་གྱི་སྟོང་སྐོར་དང་།  གཏེར་ལེན་ཁ།  ན་གོར་མོ།  ཨ་མདོ།  ནག་ཆུ།  ལྷ་ས་སོགས་ཀྱི་རླངས་འཁོར་འབབ་ཚུགས་དང་།  ལྷ་གཞིས་ལྕགས་ལམ་གྱི་གཞིས་ཀ་རྩེ་འབས་ཚུགས་ཀྱི་མྱུར་བགྲོད་ལྕགས་ལམ་ཁྱབ་གདལ་དང་ལག་བསྟར་བྱས་པའི་གློག་རྡུལ་པ་སེ་ཉོ་བར་ཆ་རྐྱེན་སྣ་འཛོམས་ཡོད་པ་རེད།

  གློག་རྡུལ་པ་སེ་ལག་བསྟར་བྱས་ནས་སྐུ་མགྲོན་འགྲོ་སྐྱོད་ལ་སྟབས་བདེ་ཆེན་པོ་བསྐྲུན་ཞིང་། འགྲུལ་པས་གློག་རྡུལ་པ་སེ་ཉོས་རྗེས་འཕྲིན་སྦྲེལ་དྲ་རྒྱ་བརྒྱུད་ནས་རང་ཁྱིམ་དུ་པ་སེ་ཕྱིར་སློག་དང་པ་སེ་སྒྱུར་ཆོག་པ་རེད། སྔོན་ཆད་འབབ་ཚུགས་ནས་པ་སེར་ཞིབ་བཤེར་བྱེད་དུས“ཐོབ་ཐང་ལག་ཁྱེར་དང་པ་སེ”དགོས་པ་དེ་ད་ལྟ་སྟབས་བདེ་བསྐྲུན་ཏེ།  ཐོབ་ཐང་ལག་ཁྱེར་བཟུང་ནས“ལག་ཁྱེར་གཅིག་གིས་ཤར་བགྲོད”ཐུབ་པ་བྱ་རྒྱུ་རེད།  དངོས་མིང་ཞིབ་བཤེར་དང་པ་སེ་ཞིབ་བཤེར་བཅས་ལ་དེ་བས་སྟབས་བདེ་བསྐྲུན་ཡོད་དེ། འཕྲུལ་ཆས་ཀྱི་པ་སེ་ཞིབ་བཤེར་བྱེད་པའི་མྱུར་ཚད་ལྡབ3ཡས་མས་ཀྱིས་མཐོ་རུ་ཕྱིན་པ་དང་པ་སེ་ཞིབ་བཤེར་བྱེད་པའི་ཆ་སྙོམས་ཀྱི་མྱུར་ཚད་དེ་མི་རེར་སྐར་ཆ3.8ནས་སྐར་ཆ1.3བར་ཐུང་དུ་ཕྱིན་ཡོད་པས།   སྐུ་མགྲོན་ཕྱིར་སྐྱོད་ཀྱི་དུས་ཚོད་གྲོན་ཆུང་བྱས་པ་མ་ཟད། པ་སེ་བོར་བརླག་དང་པ་སེ་རྫུན་མ་ཉོ་བ་སོགས་ཀྱི་ཉེན་ཁ་ནུས་ལྡན་ངང་འགོག་སྲུང་བྱས་པ་རེད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།