2018ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དང་འབྲེལ་བ་ཡོད་པའི་སྤྱི་ཕན་གཏུག་བཤེར་གྱོད་གཞི42བསྒྲུབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་གསལ་བྱུང་བ་ལྟར་ན། 2018ལོ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དང་འབྲེལ་བ་ཡོད་པའི་སྤྱི་ཕན་གཏུག་བཤེར་གྱོད་གཞི42བསྒྲུབས། 

རྒྱུས་ལོན་བྱུང་བ་ལྟར་ན།  སྤྱི་ཕན་གཏུག་བཤེར་གྱོད་གཞི་42ཁྲོད་ཉེས་དོན་ཞོར་གཏོགས་དམངས་དོན་སྤྱི་ཕན་གཏུག་བཤེར36དང་། སྲིད་འཛིན་སྤྱི་ཕན་གཏུག་བཤེར4། དམངས་དོན་སྤྱི་ཕན་གཏུག་བཤེར2བཅས་ཡོད་ལ། གྱོད་གཞི་གཙོ་བོ་ཟི་ལིང་གྲོང་ཁྱེར་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བཅས་སུ་ཁྱབ་ནས་ཞིང་ཆེན་ཡོངས་ཀྱི་གྱོད་གཞི་སྒྲུབ་པའི་སྤྱི་འབོར་གྱི་83%ཟིན་ཡོད། གྱོད་གཞི་དང་འབྲེལ་བ་ཡོད་པའི་དོགས་གཞི་མི་སྣའི་ཉེས་མིང་གཙོ་བོ་ནི་ཁྲིམས་འགལ་གྱིས་རི་དྭགས་རྩ་ཆེན་དང་ཉམས་རྒུད་དུ་འགྲོ་བཞིན་པའི་རི་སྐྱེས་སྲོག་ཆགས་རྔོན་པའི་ནག་ཉེས་དང་། རི་དྭགས་རྩ་ཆེན་དང་ཉམས་རྒུད་དུ་འགྲོ་བཞིནག་པའི་རེ་སྐྱེས་སྲོག་ཆགས་བཅས་ཁྲིམས་འགལ་གྱིས་ཉོ་སྒྲུབ་དང་། སྐྱེལ་འདྲེན། ཕྱིར་འཚོང་བཅས་བྱས་པའི་ནག་ཉེས་སོགས་སྤྱིའི་གྱོད་གཞིའི་གྲངས་འབོར་གྱི92%ཟིན།

ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཉེས་དོན་ཞིབ་དཔྱོད་དང་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་འགན་ནུས་ཀྱི་གནད་འཁེལ་འབྲེལ་མཐུད་ལ་དོ་སྣང་བྱས་ཏེ། ཁྲིམས་ལྟར་གྱོད་འབྲེལ་མི་སྣའི་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་པ་དང་དུས་མཚུངས་སུ། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་པའི་དམངས་དོན་འགན་འཁྲི་བདའ་འདེད་བྱས་ཤིང་། གྱོད་གཞི་དང་འབྲེལ་བ་ཡོད་པའི་མི་སྣར་དཔལ་འབྱོར་གྱི་གྱོང་གུན་སྐྱིན་ཚབ་འཇལ་བའི་ཚབ་བྱེད་རང་བཞིན་གྱི་བྱེད་ཐབས་སྤྱད་དེ་གཏོར་སྐྱོན་ཕོག་པའི་སྐྱེ་ཁམས་ཁོར་ཡུག་ཉམས་གསོ་བྱེད་པར་སྐུལ་འདེད་བཏང་བའི་དུས་མཚུངས་སུ། སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ལྟ་སྐུལ་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་བྱས་ཏེ། ལྟ་སྐུལ་བྱེད་སྟངས་རྒྱུན་མ་ཆད་པར་ལེགས་སྒྱུར་བྱས།  གྲལ་སྒོར་གྲོས་ཚོགས་དང་ཞིབ་དཔྱོད་གྲོས་འགོ་སྐྱེལ་བ་སོགས་ཀྱི་བྱེད་ཐབས་ལ་ཕྱོགས་བསྡུས་ཀྱིས་གྲོས་འཆམ་བྱུང་ནས་ཁྲིམས་ལྟར་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཞིབ་གཅོད་བྱས་ཏེ། གྱོད་གཞི་ཞིབ་གཅོད་ཀྱི་ཕན་ནུས་ཆེ་རུ་བཏང་ཡོད་པ་དང་། དོན་དངོས་དང་ཟུང་འབྲེལ་བྱསཏེ་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་རི་སྐྱེས་སྲོག་ཆགས་ཀྱི་སྤྱི་ཕན་ཁྲིམས་འཛིན་སྲུང་སྐྱོང་གི་མཉམ་ཤུགས་ཟམ་མི་ཆད་པར་གཅིག་ཏུ་སྒྲིལ་བ་དང་། ཆེད་ལས་སྒྲིག་གཞིའི་དཔྱད་དཔོག་སྙན་ཞུ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དང་ཆེད་མཁས་པས་བཏོན་པའི་བསམ་འཆར་ལ་གཞིགས་ནས་སྐྱེ་ཁམས་གྱོང་གུན་གྱི་གྲངས་འབོར་གཏན་འཁེལ་བྱེད་པ་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ངང་སྤྱད་དེ་སྐྱེ་ཁམས་ཁོར་ཡུག་གི་གྱོང་གུན་གཏན་འཁེལ་དང་གྱོང་གསབ་ལེན་པའི་ལམ་སྲོལ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་པ་དང་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས། །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།