མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས“ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་བྱས་ནས་མཉམ་འདྲེས་སྨྱན་སྦྱོར་གྱི་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”“བདུན་གཅིག”བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས29ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ99འཁོར་བའི་སྐབས་སུ། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས“ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་བྱས་ནས་མཉམ་འདྲེས་སྨྱན་སྦྱོར་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”“བདུན་གཅིག”བྱེད་སྒོ་སྤེལ།

བྱེད་སྒོ་སྐབས་སུ་ཏང་ཡོན་ཡོངས་ཀྱིས་ཏང་ནང་ཞུགས་པའི་དམ་ཚིག་བསྐྱར་ཀློག་བྱས་ཏེ་ཏང་གི་སྒྲིག་ཡིག་གི་འདུ་ཤེས་འཛིན་ཤུགས་དང་ཏང་གཤིས་བློ་སྦྱོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཞིང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་ཙུའུ་ཡིས2019ལོ་འཁོར་གྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས5དང་། ཕུལ་བྱུང་ཏང་གི་ལས་དོན་པ6། ཕུལ་བྱུང་གུང་ཁྲན་ཏང་ཡོན10ལ་གཟེངས་བསྟོད་བྱས། དེ་རྗེས་སྤེལ་བའི་“རང་འཁྲིའི་ལས་སར་གཞི་ཚུགས་ནས་མིག་དཔེ་སྟོན་པ་དང་། ངའི་ལས་གནས་ལ་སེམས་བདེ་མོ་བྱོས”ཞེས་པའི་གཏམ་བཤད་འགྲན་བསྡུར་ནང་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་དང་ནུབ་མཚོ་གྲོང་ཁྱེར་ཚགས་པར། མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་གི་ལས་བཟོ་བ15ཡིས་རང་སོ་སོའི་ལས་གནས་ཐོག་དཀའ་ངལ་དང་ཉེན་ཁ། འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བ་དང་། རང་འཁྲིའི་ལས་འགན་ལ་གཞི་ཚུགས་པ་དང་ལས་གནས་ལ་གཞི་ཚུགས་ནས་བྱས་རྗེས་བཞག་པའི་གཏམ་རྒྱུད་དང་སྨྱན་སྦྱོར་མི་སྣའི་འགན་འཁྲི་དང་དུ་བླངས་བའི་གནས་ཚུལ་སོགས་བརྗོད་པ་རེད། 

 ཐེངས་འདིའི“བདུན་གཅིག་”བྱེད་སྒོ་སྤེལ་བར་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་ཏང་གི་འཛུགས་སྐྱོང་བྱེད་སྒོའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་ཀྲི་པུའུ་སོ་སོ་དང་ཏང་ཡོན་ཡོངས་ཀྱིས་བྱས་རྗེས་ཧུར་ཐག་འཇོག་པ་དང་འབད་འབུངས་ཡར་བརྩོན་གྱི་ལས་ཀའི་སྤྲོ་སེམས་ལ་སྐུལ་འདེད་དང་། སྨྱན་སྦྱོར་མཉམ་འདྲེས་ངང་འཕེལ་རྒྱས་གཏོང་བར་སྤྱོད་ཡོན་གཉིས་ལྡན་གྱི་ལས་བྱེད་མི་སྣ་གསོ་སྐྱོང་ནུས་ཤུགས་ཆེ་རུ་བཏང་བ་དང་། འགན་འཁྲི་ལག་བསྟར་བྱེད་པའི་ལས་ཀའི་སྒུལ་ཤུགས་ཆེ་རུ་ཕྱིན་ཡོད།  །  

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།