རྨ་ཆུ་དང་ཙོང་ཆུའི་རིག་གནས་དམངས་ཕན་འཛད་སྤྱོད་དུས་ཚིགས་དང་ལྔ་པའི་བ་བཞིའི་འཛད་སྤྱོད་གཟའ་འཁོར་བྱ་འགུལ་དངོས་སུ་སྤེལ་འགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཧྲིན་ཀྲང་ལིའུ་ཉིང་གཉིས་རྨ་ཆུ་དང་ཙོང་ཆུའི་རིག་གནས་དམངས་ཕན་འཛད་སྤྱོད་དུས་ཚིགས་དང་ལྔ་པའི་བ་བཞིའི་འཛད་སྤྱོད་གཟའ་འཁོར་བྱ་འགུལ་དངོས་སུ་སྤེལ་འགོ་རྩོམ་པའི་མཛད་སྒོའི་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨ་ཆུའི་བཞུར་རྒྱུད་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་སུ་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་སོགས་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། གཏན་འཇགས་དྲུག་དང་འགན་སྲུང་དྲུག་གི་འགན་ཁུར་ལ་དམིགས་ཏེ། རྨ་ཆུའི་གཏམ་རྒྱུད་བཟང་བོར་བཤད་པ་དང་རྨ་ཆུ་དང་ཙོང་ཆུའི་བྱ་བ་བཟང་བོར་བསྒྲུབ་ནས། རིག་གནས་གནས་སྐོར་འཛད་སྤྱོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་སྐུལ་འདེད་ནུས་པ་འདོན་སྤེལ་བྱེད་དགོས་ཟེར།

ཟི་ལིང་གྲོང་ཁྱེར་ཞིན་ཉིན་ཐང་ཆེན་དུ་ཝང་ཅན་ཅུན་དང་ལིའུ་ཉིང་། ཝང་ཞའོ། ཡུས་ཚོང་ལི། ཀའོ་ཧྭ། དབྱང་ཧྥུན་ཁྲུན། ཝང་ཞའོ་ཡུང་སོགས་ཞིང་ཆེན་གྱི་འགོ་ཁྲོད་ཀྱིས་མཉམ་དུ་བྱ་འགུལ་འགོ་བརྩམས་པ་ཁྱབ་བསྒྲགས་བྱས་པ་མ་ཟད་འགྲེམ་སྟོན་ལ་བལྟས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཡུས་ཚོང་ལི་ཡིས་ཤིས་ཚིག་ནང་བཤད་རྒྱུར། རིག་གནས་གནས་སྐོར་ལས་རིགས་ཀྱི་ནང་མཁོ་རྒྱ་བསྐྱེད་པ་དང་། འཛད་སྤྱོད་སྦས་ཤུགས་ཆེར་བསྐྱེད་པའི་ཐོན་ལས་གཙོ་བོ་ཡིན་ལ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ལས་ཞུགས་གཏན་འཇགས་སུ་གཏོང་བའི་གནད་འགག་བྱེད་ཐབས་ཀྱང་ཡིན། རྨ་ཆུ་དང་ཙོང་ཆུའི་རིག་གནས་དམངས་ཕན་འཛད་སྤྱོད་དུས་ཚིགས་ཀྱི་བྱ་འགུལ་སྤེལ་བ་ནི། ཕྱོགས་གཅིག་ནས་མཚོ་སྔོན་ཞིང་ཆེན་གྱིས་རང་འགུལ་གྱིས་རྒྱལ་ཁབ་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་འཐབ་ཇུས་ཁྲོད་འདྲེས་པར་བྱེད་པ་དང་། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་གནོད་པར་ཁ་གཏད་འཇལ་བ་དང་། ཉེན་ཁ་གོ་སྐབས་སུ་བསྒྱུར་བ། གཏན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་ནས། འགན་སྲུང་དྲུག་གི་ལས་འགན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་ཕན་ཡོད་བྱེད་ཐབས་ཡིན་ལ། ཕྱོགས་གཞན་ཞིག་ནས་མཚོ་སྔོན་ཞིང་ཆེན་གྱིས་མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། མང་ཚོགས་ཀྱི་རེ་བ་སྐོང་བ་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བའི་བྱེ་བྲག་འགུལ་སྐྱོད་ཡིན། བྱ་འགུལ་སྤེལ་བ་དེས་རིག་གནས་གནས་སྐོར་འཛད་སྤྱོད་མཁོ་འདོན་ཇེ་མང་དུ་གཏོང་བ་དང་མི་ཡོངས་ཀྱི་འཛད་སྤྱོད་སྤྲོ་སེམས་ཆེར་བསྐྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་རིག་གནས་གནས་སྐོར་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། སྡོད་དམངས་ཀྱི་ལས་ཞུགས་ལ་འགན་སྲུང་བྱེད་པར་སྐུལ་འདེད་གཏོང་བ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གསོན་ཤུགས་སྲ་བརྟན་དུ་གཏོང་བ་དང་ཇེ་དྲག་ཏུ་བཏང་ན། རབ་མཛེས་མཚོ་སྔོན་གྱི་ཆུ་ལྗང་རི་དྭངས་དང་རྨ་ཆུ་དང་ཙོང་ཆུའི་རིག་གནས་ཀྱི་ནང་དོན་སྟུག་པོས་ཞིང་ཆེན་ཕྱི་ནང་གི་གནས་སྐོར་པར་བསམ་པའི་ལོངས་སྤྱོད་འདོན་སྤྲོད་བྱེད་ཐུབ་པ་ཁོ་ཐག་ཡིན་ཟེར།

ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲུན་གྱིས་བྱ་འགུལ་འགོ་རྩོམ་པའི་མཛད་སྒོར་འགོ་མཛིན་བྱས། ཟི་ལིང་གྲོང་ཁྱེར་སྲིད་གཞུང་གི་འབྲེལ་ཡོད་འགན་ཁུར་མི་སྣས་ཤིས་ཚིག་ཕུལ། ཐེངས་འདིའི་དམངས་ཕན་འཛད་སྤྱོད་དུས་ཚིགས་བྱ་འགུལ་གྱི་དུས་ཡུན་ཟླ་བཞི་ལྷག་རེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།