མི་རིགས་མང་པོས་མཐུན་པའི་ལག་གདང་སྦྲེལ། །བདེ་སྐྱིད་འཚོ་བ་དབྱར་གྱི་མཚོ་ལྟར་རྒྱས། །(བརྙན)

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 【གསར་འགོད་པ། བདེ་ལེགས་མཚོ། གསང་བདག་རྒྱལ།】 ཟླ6པའི་ཚེས17ཉིན་གྱི་སྔ་དྲོར། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། མཐུན་སྒྲིལ་དམ་པོས་ཀྲུང་གོའི་ཕུགས་འདུན་བརྩོན”ཞེས་པའི་ཡོངས་འདུས་སྨྱན་བྱད་མཚོ་ཤར་བོད་ཁུལ་དུ་བསྐྱོད་པའི་བཅར་འདྲི་ཚོ་ཆུང་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ས་ཁུལ་ཧྲོའུ་ལེ་གྲོང་རྡལ་དུ་བསྐྱོད་དེ། གྲོང་རྡལ་དེ་གའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐོར་གྱི་ལས་དོན་ལ་བཅར་འདྲི་བྱས་པ་ཡིན།

3.jpg

1.jpg

ལས་དོན་མི་སྣས་གསར་འགོད་པར་ངོ་སྤྲད་པ་ལྟར་ན། ཧྲོའུ་ལེ་གྲོང་རྡལ་ནི་རྒྱ་བོད་སོག་གསུམ་དང་ཧོར་རིགས་སོགས་མི་རིགས་མང་པོ་འདུས་སྡོད་དང་མཉམ་འདྲེས་ཀྱི་ཤང་གྲོང་ཞིག་ཡིན་པ་དང་། ཉེ་བའི་ལོ་ཤས་རིང་ཧྲོའུ་ལེ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་ཏང་འཛུགས་སྐྱོང་གིས་མི་རིགས་ལས་དོན་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྤུས་ཚད་མཐོར་གཏོང་དང་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ཁྱབ་རྒྱ་ཆེ་རུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་ཇེ་བརྟན་དུ་བཏང་ཡོད།

10.jpg

9.jpg

ཤེས་གསལ་ལྟར་ན། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་བདེ་བླག་ངང་སྤེལ་ཆེད། ཧྲོའུ་ལེ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་སྔོན་ལ་ཇུས་འགོད་དང་སྒྲིག་འཛུགས་ཞིབ་ཚགས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། གཙོ་གནད་ཁོང་དུ་ཆུད་པ་དང་དོན་འཁྱོལ་ལ་དམ་འཛིན་ནན་མོ་བྱས་ནས་ལས་དོན་ཁག་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུར་ཁག་ཐེག་བྱས།

7.jpg

5.jpg

ཧྲོའུ་ལེ་གྲོང་རྡལ་ཁིས་མར་གོང་སྡེ་བའི་སྡེ་དཔོན་ཚེ་བརྟན་རྡོ་རྗེ་ཡིས་བཤད་རྒྱུར། ང་ཚོ་སྡེ་བར་ཁྱིམ་ཚང་96ཡོད་པ་དང་། རྒྱ་བོད་ཧོར་གསུམ་མཉམ་དུ་འདུས་སྡོད་བྱས་ཡོད་ཀྱང་། ན་ནིང་དོ་ཚུགས་མི་རིགས་མཐུན་སྒྲིལ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་དོན་ལེགས་པོར་བསྒྲུབས་པས། སྡེ་བའི་ག་ས་གང་དུའང་འཆམ་མཐུན་གྱི་རྣམ་པས་ཁེངས་ཡོད་པར་མ་ཟད། མང་ཚོགས་ཀྱི་ཡོང་སྒོ་མུ་མཐུད་དུ་གོང་དུ་འཕར་བ་དང་འཚོ་བ་བདེ་ཞིང་སྐྱིད་པོ་བྱུང་ཡོད་ཅེས་ཟེར། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།