ཞིང་གྲོང་གསར་པའི་ཡུལ་སྐོར་འཕེལ་རྒྱས་ལས། ཕྱུག་འགྱུར་བདེ་སྐྱིད་འཚོ་བ་ལེགས་པར་འཁྲུངས།

BH9A5693_Fotor.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 【གསར་འགོད་པ། བདེ་ལེགས་མཚོ། གསང་བདག་རྒྱལ།】 ཟླ6པའི་ཚེས16ཉིན་གྱི་ཕྱི་དྲོར། “ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། མཐུན་སྒྲིལ་དམ་པོས་ཀྲུང་གོའི་ཕུགས་འདུན་བརྩོན”ཞེས་པའི་ཡོངས་འདུས་སྨྱན་བྱད་མཚོ་ཤར་བོད་ཁུལ་དུ་བསྐྱོད་པའི་བཅར་འདྲི་ཚོ་ཆུང་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ས་ཁུལ་ཀའོ་མའོ་གྲོང་རྡལ་ཞིན་ཀྲོང་གྲོང་ཚོར་བསྐྱོད་དེ། གྲོང་ཚོ་དེ་གས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱེད་སྒོ་སྤེལ་ནས་འབྱོར་ཕྱུག་གི་ལམ་དུ་ཇི་ལྟར་བསྐྱོད་པའི་སྐོར་གྱི་ལས་དོན་ལ་བཅར་འདྲི་བྱས་པ་ཡིན།

BH9A5679_Fotor.jpg

BH9A5725_Fotor.jpg

BH9A5703_Fotor.jpg

WechatIMG114_Fotor_Fotor.jpg

གསར་འགོད་པས་ཤེས་གསལ་བྱུང་བ་ལྟར་ན། ཀའོ་མའོ་གྲོང་རྡལ་ཞིན་ཀྲོང་གྲོང་ཚོ་ནི་ཐན་སྐམ་ལུང་ཤུར་དུ་གནས་ཤིང་། གྲོ་ཚང་ས་ཁུལ་དང་བར་ཐག་སྤྱི་ལེ15ཡོད་པ་དང་། གྲོང་ཚོ་ཡོངས་སུ་མཉམ་ལས་ཁང་ལྔ་དང་། ཁྱིམ་ཚང་ཉིས་བརྒྱ། མི་གྲངས763ཡོད་ལ། རྨོ་ཞིང་གི་རྒྱ་ཁྱོན་ས་མུའུ508ཡོད། ཞིན་ཀྲོང་གྲོང་ཚོ་ལ་མི་མང་ཞིང་ས་ཞིང་ཉུང་བར་མ་ཟད། ལུང་ཤུར་ཁུལ་དུ་གནས་ཡོད་པས། སྔོན་གྱི་དུས་སུ་ཞིང་ཁྱིམ་ཁག་གཅིག་གིས་སྡོང་ཕྲུག་དང་སྟར་ཀ་སོགས་འདེབས་འཛུགས་ལ་བརྟེན་ནས་དཔལ་འབྱོར་གཉེར་བ་ལས་གྲོང་མི་ཕལ་ཆེ་བའི་ཡོང་འབབ་གཙོ་བོ་ནི་གླ་རྒྱག་པ་དང་སྔོ་ཚལ་འདེབས་འཛུགས་བྱེད་པ་དེ་ཡིན། ལོ་མང་པོའི་རིང་གི་འཕེལ་རྒྱས་བརྒྱུད། ད་ལྟ་གྲོང་ཚོ་འདིར་སྔོ་ཚལ་འདེབས་འཛུགས་དང་ངལ་རྩོལ་ནུས་པ་ཕྱིར་གཏོང་བྱེད་པའི་ཐོན་ལས་ཀྱི་རྣམ་པ་གསར་པ་ཆགས་ཤིང་། འབྱོར་ཕྱུག་གི་ལམ་དུ་གོམ་སྟབས་ཆེན་པོས་བསྐྱོད་བཞིན་ཡོད།  

11.jpg

BH9A5701_Fotor.jpg

BH9A5699_Fotor.jpg

ཞིན་ཀྲོང་གྲོང་ཚོས་ཞིང་གྲོང་གསར་པ་འཛུགས་སྐྲུན་བྱེད་པའི་གོ་སྐབས་དམ་འཛིན་ལེགས་པར་བགྱིས་པ་དང་འབྲེལ། གྲོང་མི་ཡོངས་ཧུར་ཐག་གིས་རྩ་འཛུགས་དང་སྣེ་ཁྲིད་བྱས་ཏེ། ཐབས་ལམ་མང་པོ་སྤྱད་ནས་དཔལ་འབྱོར་གོང་འཕེལ་དང་རིམ་པ་མང་བའི་སྤྱི་ཕན་བྱ་གཞག་སོགས་འཕེལ་རྒྱས་སུ་བཏང་སྟབས། གྲོང་མིའི་འཚོ་བ་རིམ་བཞིན་ཇེ་ལེགས་སུ་གྱུར་པ་དང་། གྲོང་ཚོའི་རྣམ་པ་དང་ཁོར་ཡུག་ལའང་གནམ་ས་བླ་འོག་བསྒྱུར་པ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་། ལྷག་པར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གོང་འཕེལ་གྱི་བྱེད་སྒོ་སྤེལ་བ་ནས་བཟུང་། གྲོང་ཚོ་འདིས་རང་གི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དེ་ཞིང་གྲོང་གསར་པ་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་བསྐྲུན་ལ་དམ་པོར་སྦྲེལ་ཏེ། དོན་དངོས་ལ་རྐང་བཙུགས་ནས་ཐོལ་བརྒལ་གྱི་ཐབས་ལམ་སྣ་ཚོགས་སྤྱད་པས། མི་རིགས་མཐུན་སྒྲིལ་དང་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ལས་དོན་ཁག་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།