མཚོ་སྔོན་ཞིང་ཆེན་གྱིས《ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་གཉེར་ཁེ་ལས་ཀྱི་གཞི་རིམ་རྩ་འཛུགས་བྱ་བའི་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གྱི་བྱ་ཐབས་འགའ་བཏོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱིས་《〈ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་གཉེར་ཁེ་ལས་ཀྱི་གཞི་རིམ་རྩ་འཛུགས་བྱ་བའི་སྲོལ་ཡིག་(ཚོད་ལྟའི་ལག་བསྟར་)〉ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གྱི་བྱེད་ཐབས་འགའ་》བཏོན་ཞིང་། ཆབ་སྲིད་འཛུགས་སྐྱོང་བྱེད་པར་བརྟེན་ནས་རྒྱལ་གཉེར་ཁེ་ལས་ཀྱི་ཏང་སྐྱོང་བྱ་བར་གཅིག་གྱུར་བཀོད་འདོམས་བྱེད་པ་མཐའ་འཁྱོངས་དང་། རྒྱལ་གཉེར་ཁེ་ལས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་དུ་གཏོང་བའི་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཕྱོགས7ལ་བྱེད་ཐབས་ཁག19བཏོན་པ་རེད། ཏང་གིས་རྒྱལ་གཉེར་ཁེ་ལས་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་སྔར་བས་ཤུགས་སྣོན་བརྒྱབ་ནས་རྒྱལ་གཉེར་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་བྱ་བའི་སྤུས་ཚད་མཐོ་རུ་གཏོང་ཆེད་རྨང་གཞི་བརྟན་པོ་བཏིང་།

གོང་གསལ་བྱེད་ཐབས་ཀྱི་བླང་བྱ་ལྟར། མཚོ་སྔོན་ཞིང་ཆེན་གྱིས་“ཐོག་མའི་ཕུགས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་”ཞེས་པ་ཏང་ནན་སྐྱོང་གི་བྱེད་ཤུགས་ཆེ་རུ་གཏོང་བའི་རྟག་བརྟན་གྱི་ཞིབ་འཇུག་བྱ་གཞི་དང་ཏང་ཡོན་ལས་བྱེད་པ་ཡོངས་ཀྱི་མི་ཚེ་གང་བོའི་ཞིབ་འཇུག་བྱ་གཞིར་བརྩིས་ནས་རྒྱལ་གཉེར་ཁེ་ལས་ཀྱི་ཏང་རྩ་འཛུགས་རིམ་པ་ཁག་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་ཀྱི་ནུས་པ་ཇེ་ཆེར་གཏོང་རྒྱུ་སྔར་བས་དམ་འཛིན་བཟང་པོ་བྱེད་པ་གཏན་འབེབ་གསལ་བོ་བྱས་ཡོད་པ་རེད། ཁེ་ལས་ཀུང་སིའི་སྒྲིག་ཡིག་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བ། ཏང་རྩ་འཛུགས་ཀྱི་འགན་འཁྲིའི་དབང་ཆ་དང་། སྒྲིག་གཞི་འཛུགས་སྟངས་སོགས་ཀྱི་གཏན་འབེབས་ཞིབ་ཕྲ་དང་ཏང་སྐྱོང་བྱ་བའི་བླང་བྱ་ཀུང་སིའི་སྒྲིག་ཡིག་ནང་བཀོད་དེ། ཀུང་སིའི་ཁྲིམས་མིའི་བཅོས་སྐྱོང་སྒྲིག་གཞིའི་ཁྲོད་ཀྱི་ཏང་རྩ་འཛུགས་ཀྱི་ཁྲིམས་བཀོད་གོ་གནས་ཁ་གསལ་དང་དོན་འཁྱོལ་བྱེད་བྱེད་པ། ཏང་གི་འགོ་ཁྲིད་ཀུང་སི་བཅོས་སྐྱོང་གི་ལྷུ་ཚིགས་ཁག་དང་མཉམ་འདྲེས་ཐུབ་པ་བྱེད་དགོས།

ཁེ་ལས་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གཉེར་སྐྱོང་དོ་དམ་དང་ཏང་ལེགས་སྐྱོང་གཉིས་དུས་མཉམ་དུ་ཇུས་འགོད་དང་། ཏང་གི་རྩ་འཛུགས་དང་དེའི་ལས་སྒྲུབ་སྒྲིག་གཞི་དུས་མཉམ་དུ་བཀོད་སྒྲིག་བྱེད་པ། ཏང་གི་རྩ་འཛུགས་ཀྱི་འགན་འཁུར་བ་དང་ཏང་གི་བྱ་བའི་ལས་སྒྲུབ་པ་དུས་མཉམ་དུ་བཀོད་སྒྲིག  ཏང་གི་བྱ་བ་དུས་མཉམ་དུ་སྤེལ་བ་བཅས་རྒྱུན་འཁྱོངས་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཚན་རིག་དང་མཐུན་པར་བཀོད་སྒྲིག་བྱེད་དགོས་པ་མ་ཟད། ཏང་ཀྲི་པུའུ་ཚད་ལྡན་ཅན་དང་སྒྲིག་གཞི་ཅན་དུ་གཏོང་བར་འཛུགས་སྐྱོང་བྱེད་པར་ཏན་ཏིག་གིས་སྐུལ་འདེད་གཏོང་བ་དང་། ཏང་ཀྲི་པུའུ་ཡི་གཞུང་དོན་གྲོས་མོལ་བྱེད་སྲོལ་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ། ཏང་གི་བྱ་བའི་ལས་སྒྲུབ་མི་སྣ་དང་གཉེར་སྐྱོང་དོ་དམ་མི་སྣ་ཕྱོགས་གཉིས་ཀྱིས་མཉམ་མྱོང་བརྗེ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་སྐྱེད་གཉེར་སྐྱོང་གི་ལས་ཡུལ་དང་པོ་དང་། ན་གཞོན་ལས་བཟོ་པ། ཤེས་ཡོན་མཐོ་བའི་ཚོགས་སྤྱི་བཅས་ཀྱི་ཏང་ཡོན་གྱི་བསྡུར་ཚད་རིམ་བཞིན་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཏང་ཡོན་དཔུང་ཁག་གི་སྒྲིག་གཞི་ཇེ་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་དགོས།   

དུས་མཚུངས་སུ། མཚོ་སྔོན་ཞིང་ཆེན་གྱིས་ད་དུང་ཤེས་དཔལ་སྡེ་ཚན་གསར་དུ་གཏོད་པའི་བྱེད་སྒོར་སྐུལ་འདེད་གཏོང་རྒྱུ་དེ་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་རྒྱུན་གཏན་དོ་དམ་ནང་བཅུག་ནས་ཁེ་ལས་ཏང་ཡོན་གྱི་སྔོན་ཐོན་དཔེ་བཟང་མི་སྣ་དང་དེའི་བྱས་རྗེས་འོས་སྦྱོར་བྱེད་པའི་ལས་དོན་བཟང་པོ་སྒྲུབ་དགོས་པར་བསྟན་པ་རེད། ཁེ་ལས་རིག་གནས་དང་ཐོན་སྐྱེད་གཉེར་སྐྱོང་དོ་དམ་མཉམ་འདྲེས་མཉམ་སྐྱོད་ལ་སྐུལ་འདེད་གཏོང་བ་དང་། ཕུགས་བསམ་ལྡན་པ་དང་ཡིད་ཆེས་བརྟན་པ། ལག་རྩལ་ཤེས་པ། གསར་གཏོད་བྱེད་ཤེས་པ། འགན་འཁུར་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་རྒྱལ་གཉེར་ཁེ་ལས་ཀྱི་ལས་བཟོའི་དཔུང་ཁག་གསོ་སྐྱོང་བྱེད་པ། ལས་བཟོ་པ་མང་ཚོགས་དང་། སྤྱི་ཚོགས། གླེང་ཕྱོགས་བཅས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་བྱེད་དགོས་པ་མ་ཟད། ལྟ་སྐུལ་སྣ་ཚོགས་འབྲེལ་མཐུད་དམ་ཚགས་དང་ཕན་ཚུན་མཐུན་སྦྱོར་ཡོང་བར་བྱས་ནས་ལྟ་སྐུལ་གྱི་སྡོམ་ཤུགས་ཆགས་པར་བྱེད་པ་དང་། ལས་བཟོ་པའི་ལས་འཛིན་པའི་ལམ་ལུགས་དང་ལས་བཟོ་པའི་ལྟ་ཞིབ་པའི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ལས་བཟོ་པའི་འཐུས་མི་གོ་རིམ་ལྡན་པའི་སྒོ་ནས་ཁེ་ལས་བཅོས་སྐྱོང་བྱེད་པར་ཞུགས་པར་འགན་ལེན་བྱེད་དགོས་པར་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།