“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། མཐུན་སྒྲིལ་དམ་པོས་ཀྲུང་གོའི་ཕུགས་འདུན་བརྩོན”ཞེས་པའི་ཡོངས་འདུས་སྨྱན་བྱད་མཚོ་ཤར་བོད་ཁུལ་དུ་བསྐྱོད་པའི་བྱ་འགུལ་འགོ་བརྩམས་པ།

微信图片_20200615153945.jpg

ཡོངས་འདུས་སྨྱན་བྱད་མཚོ་ཤར་བོད་ཁུལ་དུ་བསྐྱོད་པའི་བྱ་འགུལ་གྱི་འགོ་རྩོམ་ཡུལ་དངོས།

微信图片_20200615154009.jpg

ཡོངས་འདུས་སྨྱན་བྱད་མཚོ་ཤར་བོད་ཁུལ་དུ་བསྐྱོད་པའི་བྱ་འགུལ་གྱི་འགོ་རྩོམ་ཡུལ་དངོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས15ཉིན། མཚོ་སྔོན་ཞིང་མཚོ་ཤར་གྲོང་ཁྱེར་གྱིས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། མཐུན་སྒྲིལ་དམ་པོས་ཀྲུང་གོའི་ཕུགས་འདུན་བརྩོན”ཞེས་པ་བརྗོད་དོན་ཡིན་པའི་ཡོངས་འདུས་སྨྱན་བྱད་མཚོ་ཤར་བོད་ཁུལ་དུ་བསྐྱོད་པའི་བྱ་འགུལ་གྱི་འགོ་རྩོམ་མཛད་སྒོ་ཕིན་ཨན་ཆུས་སུ་སྤེལ། ཚོགས་ཐོག་ཏུ་མཚོ་ཤར་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་སྔོན་ཐོན་ཁུལ་སྐྲུན་པའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གཞུང་སྒྲུབ་ཁང་དང་། མཚོ་ཤར་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་སྨྱན་བྱད་ལས་ཁུངས་དང་། ཞིང་ཆེན་རིམ་པའི་སྨྱན་བྱད་ལས་ཁུངས། མཚོ་ཤར་གྱི་སྨྱན་བྱད་སོགས་སྨྱན་བྱད་ལས་ཁུངས16གི་གསར་འགོད་པ40ལྷག་གིས་གྲུབ་པའི་བཅར་འདྲི་རུ་ཁག་གཞི་རིམ་དུ་བསྐྱོད་དེ། ས་གནས་དེའི་མི་རིགས་མཐུན་སྒྲིལ་སྔོན་ཐོན་དཔེ་སྟོན་གྲོང་ཁྱེར་སྐྲུན་པའི་ཉམས་མྱོང་སྔོག་འདོན་བྱས་ནས། མཚོ་བོད་མཐོ་སྒང་གི་མི་རིགས་མཐུན་སྒྲིལ་སྔོན་ཐོན་དཔེ་སྟོན་ས་ཁུལ་གསར་བ་གཏོད་པར་དྲིལ་བསྒྲགས་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་རྒྱུ་རེད།

微信图片_20200615153952.jpg

ཀྲུང་གུང་མཚོ་ཤར་གྲོང་ཁྱེར་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་རྒྱུན་ལས་པུའུ་ཀྲུང་གཞོན་པ་ཁྲིན་ཆི་ཡུས་ཡིས་འགོ་འཛིན་བྱེད་བཞིན་པ།

 ཉེ་བའི་ལོ་འགའི་རིང་ལ། མཚོ་ཤར་གྲོང་ཁྱེར་གྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་མི་རིགས་ཆོས་ལུགས་སྲིད་ཇུས་ལ་སློབ་སྦྱོང་ནན་ཏན་བྱས་ཏེ།མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་།ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་མི་རིགས་ལས་དོན་གྱི་བརྗོད་དོན་གཙོ་བོ་ཁོང་དུ་ཆུད་པ་དང་།མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་ཐུན་མོང་ཡར་ཐོན་ཡོང་བའི་མི་རིགས་ལས་དོན་གྱི་རྩ་བའི་ལས་འགན་ལ་དམིགས་ནས།མི་རིགས་ཆོས་ལུགས་སྲིད་ཇུས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་སློབ་གསོ་བརྒྱུད་དེ།མང་ཚོགས་ལ་མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་འདུ་ཤེས་བརྟན་པོ་ཆགས་པར་རོགས་རམ་བྱས་ཏེ།མི་རིགས་ཁག་བར་འདྲ་མཉམ་དང་།མཐུན་སྒྲིལ།རོགས་རེས་བཅས་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་ཆགས་ཡོད།

微信图片_20200615154004.jpg

ཀྲུང་གུང་མཚོ་ཤར་གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་དབྱང་ཧྭས་ཤིས་ཚིག་བརྗོད་བཞིན་པ།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱ་འགུལ་གྱི་བརྗོད་བྱ་གཙོ་བོར“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། མཐུན་སྒྲིལ་དམ་པོས་ཀྲུང་གོའི་ཕུགས་འདུན་བརྩོན”དང“མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྣམ་པར་བཞད། མཛེས་པའི་ཙོང་ཁའི་ཡུལ་དུ་བཅར་འདྲིར་བསྐྱོད”ཞེས་པ་གཉིས་འདུས་ཡོད་ཅིང་། བཅར་འདྲིའི་བྱ་འགུལ་གྱི་དམིགས་ཡུལ་ནི་མི་རིགས་ཕན་ཚུན་མཉམ་འདྲེས་དང་། མི་རིགས་ཕན་ཚུན་འབྲལ་ཐབས་མེད་པའི་ཐུན་མོང་གི་ལས་དབང་འདུས་གྲུབ་སྔོག་འདོན་བྱས་ཏེ། མཉམ་དུ་མཐུན་སྒྲིལ་ཡར་ཐོན་དང་མཉམ་དུ་དར་རྒྱས་གོང་འཕེལ་གྱི་འཆམ་མཐུན་རྣམ་པ་སྐྲུན་པ་དང་། ཕན་ཚུན་བརྩི་བཀུར་དང་ཕན་ཚུན་རྒྱུས་ལོན། ཕན་ཚུན་བཟོད་སྒོམ་ཁྲོད་ནུས་ཤུགས་གཅིག་ཏུ་སྒྲིལ་ནས། ཙོང་ཁའི་ཡུལ་དུ་མི་རིགས་འཆམ་མཐུན་དང་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་ཡག་པོ་བསྐྲུན་རྒྱུ་དེ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།