རི་སྔོ་ཆུ་དྭངས་འཚོ་བ་སྐྱིད།

1.jpg

ལྗང་ལྡེམ་མེར་གྱུར་བའི་བྱེ་རྒོད་ཐང་། 

2.jpg

ཚན་རིག་དང་མཐུན་པའི་སྒོ་ནས་གད་སྙིགས་ཐག་གཅོད་བྱེད་པ། 

3.jpg

དགའ་བདེ་རྫོང་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་མི་སྣ་དུད་ཁྱིམ་དུ་ཕྱིན་ཏེ་ཁོར་སྲུང་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ། 

4.jpg

དགའ་བདེ་རྫོང་གིས་འབྲོག་ཁུལ་བཙོག་ཆུ་གཙང་བསྒྱུར་དང་གཙང་སྤྱོད་ཁང་གསར་བརྗེ། འཚོ་བའི་གད་སྙིགས་གཅིག་བསྡུས་ཐག་གཅོད་སོགས་ཀྱི་ཐད་དུ་གྲུབ་འབྲས་མངོན་གསལ་བླངས་ཤིང་འབྲོག་ཁུལ་གྱི་འཚོ་བའི་ཁོར་ཡུག་ལེགས་བཅོས་ཆེན་པོ་བྱས། 

5.jpg

དགའ་བདེ་རྫོང་ཞ་གོང་མ་ཤང་གི་ཆུ་ལམ་འགན་སྲུང་བས་ཆུ་འགྲམ་གྱི་གད་སྙིགས་གཙང་སྦྲ་བྱེད་ཀྱིན་པ། 

6.jpg

ཆུ་ཚོད24ལ་ཟུར་ཡོངས་ནས་བཏུང་ཆུའི་ཆུ་ཁུངས་སྲུང་སྐྱོབ་བྱ་བར་ལྟ་རྟོག་བྱེད་ཀྱིན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོང་ཁུལ་དུ་གནས་པ་དང་། ས་ཁོངས་ནང་དུ་ཆུ་བོ་མང་ཞིང་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། ཆུ་བོའི་སྐྱེ་ཁམས་མ་ལག་སྐྱོན་བྲལ་ཡོང་བར་འགན་སྲུང་བྱེད་པ་དང་འབབ་རྒྱུད་ཡོངས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱ་ཆེད། ཉེ་བའི་ལོ་འགའི་རིང་། དགའ་བདེ་རྫོང་གིས་གཅིག་གྱུར་འཆར་འགོད་མཐའ་འཁྱོངས་བྱས་ཏེ་རྨ་ཆུའི་འབབ་རྒྱུད་དུ་འཆར་འགོད་གལ་ཆེན་བཟོས་པ་དང་། འབབ་རྒྱུད་ཀྱི་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ། འབབ་རྒྱུད་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཉམས་གསོ་མཉམ་འབྲེལ་ཐོག་འགོག་བཅོས་དང་ཁྲིམས་འཛིན་སོགས་ལ་ཤུགས་སྣོན་རྒྱབ་ནས་ཆུ་ལམ་བརྐོ་འདྲུ་བྱེད་པའི་སྣང་ཚུལ་གཏན་འགོག་བྱས་པས་ཆུ་འབྲུབ་དུས་ཀྱི་གནོད་འཚེ་ལོ་རེ་བཞིན་ཇེ་ཉུང་འགྲོ་བཞིན་ཡོད་ལ། ཆུ་བོ་ཇེ་དྭངས་སུ་ཕྱིན་ལ་ཆུ་སྤུས་ཇེ་ལེགས་སུ་སོང་ཡོད། ཉ་རིགས་དང་བྱ་རིགས་ཀྱང་ཇེ་མང་དུ་ཕྱིན་ནས་འབྲོག་པའི་འཚོ་བ་བདེ་སྐྱིད་ལྡན་པར་གྱུར་ཡོད།   །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།