ཆུ་དམར་ལེབ་རྫོང་གིས་མི་རིགས་མཐུན་སྒྲིལ་སྐད་འཕྲིན་གྱི་པར་ཡིག་ཁུག་མ་འགྲེམ་སྤེལ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱེད་པའི་དྲིལ་བསྒྲགས་ལས་དོན་ལ་སྔར་བས་མཐོར་འདེགས་སུ་གཏོང་བ་དང་། དྲིལ་བསྒྲགས་ལས་དོན་གྱི་ཁྱབ་རྒྱར་འགན་ལེན་བྱ་ཆེད། ཉེ་ལམ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གཞུང་ལས་ཁང་གིས“དྲ་སྦྲེལ+མི་རིགས་མཐུན་སྒྲིལ”ལས་དོན་གོ་སྐབས་སུ་བྱས་ནས། ཁུལ་ཡོངས་ནས“ཆུ་དམར་ལེབ་རྫོང་གི་མི་རིགས་མཐུན་སྒྲིལ”གྱི་སྐད་འཕྲིན་གྱི་པར་ཡིག་ཁུག་མ་བཟོས་ཤིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གྱི་དྲིལ་བསྒྲགས་ལས་དོན་རྒྱ་ཆེར་གཏོང་རྒྱུར་ཐད་ལ་ཤུགས་སྣོན་བྱས་ཏེ། ཆུ་དམར་ལེབ་རྫོང་གིས་དུས་རབས་ཀྱི་གོམ་ཁའི་རྗེས་སུ་འབྲངས་ནས། ས་གནས་དེ་གའི་དོན་དངོས་དང་མཐུན་པའི་གནས་ཚུལ་འོག  མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱེད་པའི་དྲིལ་བསྒྲགས་ལས་དོན་དང་། མི་ཚོགས་འདུས་ཚད་ཆེ་བའི་གཏན་འཇགས་ས་ཁུལ་དུ་མཚམས་སྦྱོར་བརྡ་ཁྱབ་བྱང་བུ་དང་དྲིལ་བསྒྲགས་ཤོག་བུ་སྟེར་བ་དེ་རིམ་གྱིས་སྐད་འཕྲིན་དང་། པོད་ཆུང་། འདར་སྒྲ་སོགས་ཀྱི་དྲ་རྒྱའི་Appསྤྱོད་པར་བསྒྱུར་ཏེ་དྲིལ་བསྒྲགས་ལས་དོན་ལ་སྐུལ་འདེད་བཏང་། ཐེངས་འདིའི་པར་ཡིག་ཁུག་མ་བཏོན་པ་དེས་དྲ་རྒྱ་ཅན་གྱི་དུས་རབས་ཀྱི་དགོས་མཁོ་སྐོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱེད་པའི་ལས་དོན་གྱི་དྲིལ་བསྒྲགས་བྱེད་སྟངས་གསར་པ་ཞིག་ཡིན་པས་ཆུ་དམར་ལེབ་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱེད་པའི་དྲིལ་བསྒྲགས་ལས་དོན་གྱི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། དྲིལ་བསྒྲགས་ཀྱི་ཕན་འབྲས་དེ་བས་ལེགས་པོ་ཐོན་པ་བཅས་ལ་ཕན་ཐོགས་ཡོད་པ་རེད། 

རྒྱུས་ལོན་པ་ལྟར་ན། “ཆུ་དམར་ལེབ་རྫོང་གི་མི་རིགས་མཐུན་སྒྲིལ”གྱི་སྐད་འཕྲིན་གྱི་པར་ཡིག་ཁུག་མར་ཁྱོན་པར་ཡིག24ཡོད་པ་དང་།  གཟུགས་བརྙན་གསོན་ཉམས་ལྡན་པ་དང་དྲང་ནུས་ཀྱིས་ཁེངས་ཡོད། པར་ཡིག་ཁུག་མ་དྲ་སྟེང་དུ་འགྲེམ་སྤེལ་བྱས་པ་ནས་བཟུང་། ས་གནས་དེའི་མང་ཚོགས་ཀྱི་དགའ་བསུ་ཐོབ། མང་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་སྐད་འཕྲིན་གྱི་པར་ཡིག་ཁུག་མ་དེ་དག་བརྒྱུད་སྤེལ་དང་བེད་སྤྱོད་བྱས་ནས།  མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བཏང་།   །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།