ཧི་ནན་རྫོང་གིས་སྡེ་བ་རིམ་པའི་ཏང་ཡོན་ཞབས་ཞུ་ལྟེ་གནས་ཀྱི་དོ་དམ་པ་སོ་དགུ་གདན་ཞུ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་ཡོན་ཞབས་ཞུ་ལྟེ་གནས་ནི་ཏང་ཡོན་རྩ་འཛུགས་དང་དྲིལ་སྒྲོག གཅིག་བསྡུས། ཞབས་འདེགས་ཞུ་བའི་གཡུལ་ས་གཙོ་བོ་ཡིན། ཉེ་ལམ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གིས་གཏན་ཁེལ་བྱ་བ་བཟང་བོར་བསྒྲུབ་པའི་རྨང་གཞིའི་སྟེང་། གཞི་རིམ་ཏང་འཛུགས་བྱ་བ་གསར་གཏོད་བྱེད་རྒྱུ་བྱེད་ཐབས་སུ་བྱས་ནས། རང་ས་གནས་ཀྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ཉིས་བརྒྱའི་ཁྲོད་ཕུལ་བྱུང་སློབ་མ་སོ་དགུ་བདམས་ཏེ། སྡེ་བ་རིམ་པའི་ཏང་ཡོན་ཞབས་ཞུ་ལྟེ་གནས་ཀྱི་དོ་དམ་མི་སྣ་རུ་འགན་ཁུར་དུ་བཅུག

རྒྱུས་ལོན་བྱུང་བ་ལྟར་ན། སྡེ་བ་རིམ་པའི་ཏང་ཡོན་ཞབས་ཞུ་ལྟེ་གནས་ཀྱི་དོ་དམ་མི་སྣས་སྡེ་སྡོད་ཞབས་ཞུ་སྤེལ་བ་དང་། ཞབས་ཞུ་གཞི་རིམ་དུ་བསྐྱོད་པར་སྐུལ་འདེད་བཏང་ལ། ཁོ་ཚོའི་འགན་འཁྲི་ནི་སྒྲིག་ཆས་དོ་དམ་ཞིག་གསོ་དང་། བྱ་འགུལ་སྤེལ་སའི་སྒོ་འབྱེད་པ། དང་བླངས་མཉམ་རོགས་ཞབས་ཞུ་སྤེལ་བ། མང་ཚོགས་བྱ་འགུལ་གྱི་དགོས་མཁོ་ཞིབ་བཤེར་མཐིལ་རྟོགས་དང་རྩ་འཛུགས་ལག་བསྟར་བྱེད་པ། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་སྤྲད་པའི་གནས་བབ་བྱ་བ་བསྒྲུབ་པ་བཅས་ཡིན།

མིག་སྔར་གཏན་འབེབས་བྱས་པའི་ཏང་ཡོན་ཞབས་ཞུ་ལྟེ་གནས་ཀྱི་དོ་དམ་པའི་དོ་དམ་བྱེད་ཐབས་སོགས་ཆ་སྡེབས་ཡིག་ཆ་ཆ་ཚང་གིས་གཅིག་གྱུར་སྒོས་དོ་དམ་མི་སྣར་རེའུ་མིག་གཅིག་དང་ལག་དེབ་གཅིག ཚད་གཞི་གཅིག གསལ་ཕྲ་གཅིག་ཆ་སྡེབས་བྱས་པ་དང་།མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཕན་འབྲས་ལག་བསྟར་བྱས་ནས། སྟོབས་ཤུགས་ཡོད་རྒུས་མང་ཚོགས་ལ་ཞབས་འདེགས་བཟང་བོ་ཞུས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།