ཁྲག་རྒྱུན་གཅིག་ཏུ་སྦྲེལ་ཏེ་ལྷག་བསམ་ཟོལ་མེད་ངང་བརྩེ་སེམས་ཕུལ་བ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར་བཅའ་སྡོད་ལྟེ་གནས་ཁྲག་རྒྱུན་ས་ཚིགས་ཀྱི་ཁྲག་མཛོད་ཀྱི་ཁྲག་གསོག་ཚད་ཅུང་ཉུང་བའི་དོན་དངོས་ལ་གཞིགས་ཏེ།  མཚོ་སྔོན་ཞིང་ཆེན་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་རུ་ཁག་སྦྱོང་བརྡར་རྟེན་གཞིི་ཡིས་རང་འགུལ་ངང་ཞིང་ཆེན་ཁྲག་རྒྱུན་ལྟེ་གནས་དང་འབྲེལ་བ་བྱས་པ་དང་།  ཧུར་ཐག་གིས་དཔོན་དམག་སྒྲིག་འཛུགས་བྱས་ནས་རིན་མེད་ངང་ཁྲག་འབུལ་བྱེད་སྒོའི་ནང་ཞུགས་པ་རེད།  ཟླ6པའི་ཚེས9ཉིན།  ཁྲག་མཛོད་ལྟེ་གནས་ཀྱི་ཁྲག་ལེན་རླངས་འཁོར་དེ་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་རུ་ཁག་ཏུ་བསྐྱོད་པ་དང་དཔོན་དམག་ཚོ་རིན་མེད་ངང་ཁྲག་འབུལ་བའི་གཅེས་སེམས་བྱེད་སྒོའི་ནང་ཞུགས་པ་དང་།   བྱ་སྤྱོད་དངོས་ཀྱི་ཐོག་ནས་དེང་རབས་གསར་བརྗེའི་དམག་མིའི་ལྟེ་བའི་རིན་ཐང་གི་ལྟ་བ་མངོན་ལ།  དཔོན་དམག120ཡིས་བསྡོམས་པས་ཁྲག་ཧའོ་ཧྲེང32000ཕུལ་བ་རེད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།