ལིའུ་ཐོ་ཡིས་མཚོ་སྔོན་པོ་ནས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ཡར་ཞུ་གནད་དོན་དག་ཐེར་ལེགས་བཅོས་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐོ་ཡིས་མཚོ་སྔོན་པོ་ནས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ཡར་ཞུག་གནད་དོན་དག་ཐེར་ལེགས་བཅོས་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ཇེ་བཟང་དུ་གཏོང་བ་ལས་ཇེ་བཙོག་ཏུ་འགྱུར་མི་རུང་བའི་ཚད་མཐའ་བརྟན་སྲུང་བྱེད་པ། སྟོབས་ཤུགས་ཡོད་རྒུས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ཡར་ཞུ་གནད་དོན་དག་ཐེར་ལེགས་བཅོས་བྱས་ནས། རབ་མཛེས་དག་གཙང་དེ་མཚོ་སྔོན་པོའི་ཚོང་རྟགས་མིང་གྲགས་ཅན་དུ་འགྱུར་བར་བྱེད་དགོས་ཟེར།

ལིའུ་ཐོ་སོགས་སྔ་གཞུག་ཏུ་བྱེ་གླིང་དང་བྱ་གླིང་རྒྱལ་སྤྱི་བརླན་ས་གལ་ཆེན། གླང་ཆེན་མཆེ་བའི་བཙོག་ཆུ་ཐག་གཅོད་བཟོ་གྲྭ་སོགས་ལ་སོང་ནས། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་སྐོར་ཐེངས་དང་པོ་དང་སྐོར་ཐེངས་གཉིས་པའི་ཡར་ཞུ་གནད་དོན་དག་ཐེར་ལེགས་བཅོས་བྱ་བའི་གནས་ཚུལ་ལ་ཡུལ་དངོས་ལྟ་ཞིབ་བྱས་པ་དང་། མཚོ་སྔོན་པོའི་མཚོ་རྩྭ་ཐག་གཅོད་དང་རི་སྐྱེས་རི་དྭགས་སྲུང་སྐྱོབ། སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོབ་བཀོལ་སྤྱོད་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་བསྟན་དོན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་སྐབས་སུ་ཡར་ཞུ་བྱས་པའི་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཞན་ཆ་ལ་མཐོང་ཆེན་བྱེད་པ་དང་། དག་ཐེར་ལེགས་བཅོས་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།

ལིའུ་ཐོ་ཡིས་ནན་གྱིས་བསྟན་དོན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཡར་ཞུ་གནད་དོན་དག་ཐེར་ལེགས་བཅོས་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་འཕེལ་རྒྱས་ཀྱི་གོ་སྐབས་དང་སྒུལ་ཤུགས་ཆེན་པོ་རུ་བརྩི་བ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་རེ་བ་ལྟར། བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཇུས་གཞི་འཐུས་ཚང་དུ་བཏང་སྟེ། དག་ཐེར་ལེགས་བཅོས་བྱ་བར་དམ་འཛིན་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།