ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་བདེ་དང་རྒྱལ་ཁབ་བདེ་སྲུང་སྡེ་ཁག་གི་ཁྲིམས་བསྟར་ཚད་ལྡན་ཅན་གྱི་འཛུགས་སྐྲུན་སྔར་ལས་མཐོར་འདེགས་ཡོང་བ་དང་། མི་དམངས་ཉེན་རྟོག་པའི་བྱང་ཚད་ནུས་པ་དངོས་གནས་ཇེ་ཆེར་གཏོང་བ། དངོས་འཐབ་ནུས་པ་དང་གྱོད་དོན་སྒྲུབ་པའི་ཆུ་ཚད་ཇེ་མཐོར་གཏོང་ཆེད། ཉེ་སྔོན་མཚོ་བྱང་ཁུལ་གྱིས་སྤྱི་བདེ་ལས་ཁུངས་དང་རྒྱལ་ཁབ་བདེ་སྲུང་། འཇིགས་སྐུལ་ལ་ངོ་རྒོལ་དང་ཚུལ་མིན་ལ་ངོ་རྒོལ་བྱེད་པའི་སྡེ་ཁག་གི་ལས་རྐང་དམག་སྦྱོང་དང་། དྲག་རྩལ་འགྲན་སྡུར་གསོ་སྦྱོང་འཛིན་གྲྭ་ཆི་ལེན་རྫོང་དུ་བསྒྲུབས།
གསོ་སྦྱོང་འཛིན་གྲྭས་ཞིང་ཆེན་སྤྱི་བདེ་ཐིང་གི་ཆེད་བསྐོས་སློབ་ཁྲིད་དམག་དཔོན་གདན་ཞུ་བྱས་ཏེ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་རྨང་གཞིའི་ཤེས་བྱ་དང་། ཁྲིམས་བསྟར་གྱོད་སྒྲུབ་ཀྱི་གོ་རིམ།སློབ་གསོའི་སྤོ་བསྒྱུར་ལས་དོན། གསང་སྲུང་སློབ་གསོ་སོགས་ལ་འགྲེལ་བཤད་དང་གསལ་འགྲེལ་གཏིང་ཟབ་བྱས།
སློབ་སྦྱོང་དང་གསོ་སྦྱོང་ནང་ཞུགས་པའི་སློབ་མ་ཡོངས་ཀྱིས་གསོ་སྦྱོང་སྐོར་གྱི་གཏན་འབེབས་དང་སྒྲིག་ཁྲིམས་ལ་བརྩི་སྲུང་ནན་མོ་དང་། མཐོང་རྒྱ་སྔར་ལས་ཆེ་རུ་གཏོང་བ་དང་། ནུས་པ་ཆེ་རུ་གཏོང་བ། འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ་སློབ་སྦྱོང་བྱེད་རིང་བསམ་བློར་ཤུགས་རྐྱེན་བཟང་པོ་ཐེབས་པ་དང་། བློ་རྒྱ་དང་བློ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་། དེ་མིན་མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་བསམ་བློའི་ངོས་འཛིན་སྔར་བས་མཐོ་རུ་གཏོང་ཆེད། བློ་རྩེ་གཅིག་སྒྲིམ་གྱིས་སློབ་ཁྲིད་ལ་མཉན་པ་དང་།སྔོན་ཐོན་གྱི་འདུ་ཤེས་དང་ལག་ལེན་གྱི་ཉམས་མྱོང་ལ་སློབ་སྦྱོང་ནན་ཏན་བྱས་ཏེ། སློབ་སྦྱོང་དང་གསོ་སྐྱོང་སྦྱོང་བརྡར་བརྒྱུད་རང་ཉིད་ཀྱི་ལས་སྒོའི་ནུས་པ་དང་ལས་ཀའི་ཆུ་ཚད་ཇེ་མཐོང་བཏང་།
ལས་རྐང་ཐོག་གི་དམག་སྦྱོང་དང་དྲག་རྩལ་འགྲན་སྡུར་གསོ་སྦྱོང་བྱ་འགུལ་བརྒྱུད་སློབ་སྦྱོང་དང་ཡར་རྒྱས་བརྩོན་ལེན་གྱི་འདུ་ཤེས་ཆེ་རུ་ཕྱིན་པ་དང་། ལས་སྒོའི་ནུས་པའི་ཆུ་ཚད་མཐོ་རུ་ཕྱིན་པ། མི་དམངས་ཉེན་རྟོག་པའི་སྤྱོད་ཚུལ་གྱི་སྣང་བརྙན་ཇེ་ལེགས་སུ་སོང་ཡོད། དུས་མཚུངས་སུ་ཡན་ལག་རུ་ཁག་གིས་སྣེ་ཁྲིད་དང་དཔེ་སྟོན་དང་སྐུལ་ཁྲིད་བྱེད་པར་བརྟེན་ནས་དམག་སྦྱོང་འགྲན་སྡུར་གྱི་རྣམ་པ་ལེགས་པོ་ཞིག་བསྐྲུན་པ་དང་། དངོས་འཐབ་ཀྱི་ཆེད་དུ་བྱ་བ་ཐམས་ཅད་སྒྲུབ་པའི་དམིགས་ཡུལ་མངོན་འགྱུར་བྱུང་བ་རེད། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
མཚོ་བྱང་ཁུལ་གྱི་སྤྱི་བདེ་དང་རྒྱལ་ཁབ་བདེ་སྲུང་སྡེ་ཁག་གིས་འཇིགས་སྐུལ་ལ་ངོ་རྒོལ་དང་ཚུལ་མིན་ལ་ངོ་རྒོལ་བྱེད་པའི་དམག་སྦྱོང་དང་དྲག་རྩལ་འགྲན་སྡུར་གསོ་སྦྱོང་འཛིན་གྲྭ་ཆི་ལེན་རྫོང་དུ་སྤེལ།