མཚོ་སྔོན་ཞིང་ཆེན་གྱིས་མདོ་ལ་རིང་མོའི་སྐྱེ་ཁམས་ཁྲིམས་ར་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ6པའི་ཚེས་8ཉིན་མདོ་ལ་རིང་མོའི་སྐྱེ་ཁམས་ཁྲིམས་ར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་མི་དམངས་ཁྲིམས་ཁང་དུ་སྒོ་བྱང་བཀལ་བ་རེད། འདི་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁྲིམས་ར་བཙུགས་རྗེས་ཀྱི་མཚོ་སྔོན་ཞིང་ཆེན་གྱིས་བཙུགས་པའི་སྐྱེ་ཁམས་ཁྲིམས་ར་གཉིས་པ་ཡིན།

མདོ་ལ་རྫོང་ནི་མཚོ་བོད་མཐོ་སྒང་དབུས་སུ་གནས་པ་དང་མཚོ་སྔོན་པོའི་ཉེ་འགྲམ་དུ་གནས་ཡོད། རྨ་ནུབ་བར་ཁྱམས་གྱི་མདོ་ལ་རིང་མོའི་རི་རྒྱུད་དང་ནག་ཆུའི་ཆུ་འགོ་ཡིན་པས་སྐྱེ་ཁམས་འཐབ་ཇུས་ཀྱི་གནས་བབ་མངོན་གསལ་ཡོད་པས། ཞིང་ཆེན་མཐོ་རིམ་ཁྲིམས་ཁང་ཏང་ཙུའུ་ཡིས་མདོ་ལ་རིང་མོའི་སྐྱེ་ཁམས་ཁྲིམས་ར་འཛུགས་པར་ཆེད་དོན་ཞིབ་འཇུག་བྱས་ཏེ། ཁྲིམས་ཁང་གི་ཁྲིམས་འཛིན་འགན་ནུས་འདོན་སྤེལ་ཏན་ཏིག་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་རྩོད་གཞི་ཐག་གཅོད་ཚད་ལྡན་ཅན་དུ་གཏོང་བར་རྨང་གཞི་བརྟན་པོ་བཏིང་།

 སྒོ་བྱང་བཀལ་རྗེས་ཀྱི་མདོ་ལ་རིང་མོའི་སྐྱེ་ཁམས་ཁྲིམས་རས་གོམ་ཁ་གསར་བའི་སྟེང་སྐྱེ་ཁམས་ཁོར་ཡུག་འདྲི་གཅོད་ཀྱི་རྣམ་པ་གསར་པ་གཏོད་རྒྱུ་ཡིན་ལ། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འཛིན་སྲུང་སྐྱོང་ལམ་སྲོལ་བཙུགས་རྒྱུ་ཡིན་པ་དང་། གནས་སྡོད་ཀྱིས་གྱོད་གཞི་བསྡུ་ལེན་དང་། “འདྲི་གཅོད་གསུམ་གཞི་གཅིག་ཏུ་སྒྲིལ་བ། ”སྐོར་སྐྱོད་འདྲི་གཅོད་བཅས་ཟུང་དུ་འབྲེལ་བའི་འདྲི་གཅོད་བྱེད་སྟངས་འཚོལ་ཞིབ་བྱས་ནས། ཁོར་ཡུག་ཐོན་ཁུངས་ཀྱི་འདྲི་གཅོད་ལས་ཀར་སྐུལ་འདེད་བཏང་། མདོ་ལ་རི་བོའི་གནམ་སྔོན་པོ་དང་། ཆུ་དྭངས་མོ། རི་ལྗང་། རྩྭ་སྔོ་བཅས་ཀྱི་ཆེད་དུ་འདྲི་གཅོད་ལས་ཁུངས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པར་སྐུལ་འདེད་བཏང་།

སྒོ་བྱང་བཀལ་བའི་ཉིན་དེར། མདོ་ལ་རིང་མོའི་སྐྱེ་ཁམས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་མཱ་ཆེ་གེ་མོ་དང་སུའུ་ཆེ་གེ་མོས་ཁྲིམས་འགལ་ངང་མེ་མདའ་ཉོ་ཚོང་བྱས་པ་དང་། ཁྲིམས་འགལ་ངང་རི་དྭགས་རྔོན་པ། སྟོངས་ལ་ཉེ་བའི་རྩ་ཆེའི་རི་སྐྱེས་སྲོག་ཆགས་གསོད་པ་དང་ཉེས་དོན་ཞོར་གཏོགས་དམངས་དོན་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཡོངས་བསྒྲགས་ངང་ཞིབ་གཅོད་བྱས་པ་མ་ཟད། ཁྲིམས་ཐག་བཅད་པར་ཁྱབ་བསྒྲགས་ཀྱང་བྱས་ལ། མདོ་ལ་རིང་མོའི་སྐྱེ་ཁམས་སྲུང་སྐྱོང་ཁུལ་གྱི་ཁྲིམས་འཛིན་སྲུང་སྐྱོང་གི“བརྡ་དང་པོ”བཏང་།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།