མིན་ཧོ་རྫོང“དབུལ་སྐྱོར་འཁོར་ཁང” གིས་ཡིག་ཚགས་བཟོས་པའི་དབུལ་ཕོངས་དུད་ཁྱིམ་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་པ།

605ced2760b636f8616d7b5702ddf33.jpg

95d65bdbd00e4aa630eddd33fb822b7.jpg

c2dc2e2b30e3e98b307f79834abcaa7.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས་6ཉིན་མཚོ་སྔོན་ཞིང་ཆེན་མིན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ཡུལ་གཞན་དུ་གནས་སྤོར་ཡིག་ཚགས་བཟོས་པའི་དུད་ཚང་ཁ་ཤས་རྫོང་དེའི“དབུལ་སྐྱོར་འཁོར་ཁང”ནང་འགོག་སྲུང་གྱོན་ཆས་བཟོ་བཞིན་ཡོད། མིན་ཧོ་རྫོང་པའེ་ཧྲན་ཤང་གི་གནས་སྤོར་དབུལ་སྐྱོར་རྣམ་གྲངས་ལག་བསྟར་བྱས་རྗེས། གནས་སྤོར་མང་ཚོགས་ཀྱི་རྗེས་མཐུད་ཐོན་ལས་ཁྲོད་ལས་ཞུགས་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། ས་གནས་དེ་གའི་ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་བྱས་ཏེ། པའེ་ཧྲན་ཤང་གི་སྡེ་བ7གྱིས་ཤར་ནུབ་རྒྱུད་ཀྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི་420སྤྱད་དེ་མིན་ཧོ་རྫོང་པའེ་ཧྲན་ཁུལ་གསར་ནས་སྨི་ངོས་གྲུ་930ཟིན་པའི་དབུལ་སྐྱོར་འཁོར་ཁང་གསར་སྐྲུན་བྱས་པ་དང་། མཚོ་སྔོན་མིན་ཆེན་ཧི་གྱོན་ཆས་ཚད་ཡོད་ཀུང་སིས་རྒྱབ་སྐྱོར་ཤུགས་ཆེན་བྱས་འོག  པའེ་ཧྲན་ཤང་གི་རྒྱན་གོས་ལས་སྣོན་དབུལ་སྐྱོར་བཟོ་གྲྭ་བཙུགས་པ་དང་། དབུལ་སྐྱོར་བཟོ་གྲྭ་བཙུགས་པ་དེས་ཞིང་སྡེའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཤུགས་ཆེ་རུ་ཕྱིན་པ་མ་ཟད། ཡིག་ཚགས་བཟོས་པའི་དུད་ཚང་དབུལ་པོ་དང་མང་ཚོགས་གཞན་དག་གི་ལས་ཞུགས་གནད་དོན་ཡང་ཐག་གཅོད་བྱས་ཡོད་ལ། མི་གྲངས་དབུལ་པོའི་དབུལ་ཐར་ལ་ཐོན་ལས་ཕྱོགས་ནས་རྒྱབ་སྐྱོར་ཐོབ་པ་དང་།  དབུལ་ཐར་ཕྱུག་འགྱུར་གྱི་གོམ་ཁ་ཇེ་ཡངས་སུ་བཏང་།  མིག་སྔར་པའེ་ཧྲན་ཤང་གི་སྡེ་མི43ལས་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།