མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་གྱིས་དངོས་སྒྲུབ་བྱ་ཐབས་ལ་བརྟེན་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཀྲུང་དབྱང་གིས་ཕྱི་ཚུལ་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་བཀོད་སྒྲིག་བླང་བྱ་དོན་ཐོག་ཏུ་འཁྱོལ་རྒྱུར་འགན་ལེན་བྱ་ཆེད། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་ལས་དོན་སྤེལ་ཚུན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་གྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། “ཚོགས་འདུ་དང་ཡིག་ཆ་མང་པའི་གནད་དོན”བཅོས་སྐྱོང་ལ་རྒྱུན་རྣམ་ཅན་གྱི་སྐུལ་འདེད་བཏང་ནས2019ལོར་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་གྱིས་རྫོང་རིམ་པར་སྤྲད་པའི་ཡིག་ཆ181དེ་སྔ་ལོ་ལས34.1%ཡིས་མར་ཆག་ཡོད་ལ། ཡིག་ཆའི་ཤོག་ངོས་ཉུང་དུ་ཆེས་ཆེར་བཏང་བ་དང་། སྤུས་ཚད་མངོན་གསལ་གྱིས་མཐོ་རུ་ཕྱིན་ཡོད། རྫོང་རིམ་པས་ཞིང་ཆེན་ཡོངས་ཀྱི་རང་བཞིན་གྱི་ཚོགས་འདུ་ཐེངས42འཚོགས་པ་དེ་སྔ་ལོ་ལས31.5%ཡིས་མར་ཆག་ཡོད། 2018ལོའི་ལོ་མཇུག་གོང་དུ་བཙུགས་པའི་ཞིང་ཆེན་སྲིད་གཞུང་གི་གྲོས་དོན་མཐུན་སྦྱོར་ལས་ཁུངས216ཁྲོད་ནས109མེད་པར་བཟོས་པ་དང་། 95སོར་བཞག་དང་སྡེབ་སྒྲིག་བྱས་ནས་ཁུ་བསྡུ་བསྡུར་ཚད56%ཟིན་པ་དང་། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བར་ཐོག་མའི་ཕན་འབྲས་ཐོབ་ཡོད།

2019ལོར་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་གྱིས་རྒྱུན་སྲིང་ལྷོད་མེད་ཀྱི་སྤྱོད་ཚུལ་ལ་བརྟེན་ནས། དོན་འཁྱོལ་ལ་དམ་འཛིན་བྱེད་པ་དང་། ཞབས་ཞུ་ལེགས་སུ་གཏོང་བ་བཅས་བྱས་ནས། ལྟ་སྐུལ་ཞིབ་བཤེར་གྱི་ཕན་འབྲས་ཆེ་རུ་གཏོང་བ་དང་སྲིད་ཇུས་དོན་འཁྱོལ་གལ་ཆེན་མཉམ་དུ་འཛིན་པ། ཡིག་ཚགས་དང་སྟབས་བདེའི་ཚོགས་འདུ་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུ་མཉམ་དུ་སྤེལ་གང་ཐུབ་བྱས་ཡོད། ཧྲག་བསྡུས་ཀྱིས་ཚོགས་འདུ་གཉེར་བ་དང་ལས་ཆོད་ཆེན་པོས་ཚོགས་འདུ་གཉེར་བ་འབུར་དུ་ཐོན་པ་སྟེ། “ཚོགས་འདུ་མེད་པའི་ཟླ་བ”དང“ཚོགས་འདུ་མེད་པའི་གཟའ་འཁོར”གྱི་ཚོགས་འདུར་ཞིབ་མཆན་འགོད་ལུགས་ནན་དུ་བཏང་ནས་རིམ་པ་སོ་སོའི་ལས་བྱེད་པ“ཚོགས་འདུའི་ཚོམས”དང“ཡིག་ཆའི་ཚོམས”ཁྲོད་ནས་ཐར་ཐུབ་པ་བྱས་ཏེ། ཁུར་པོ་ཡང་དུ་གཏོང་བའི་ཕན་འབྲས་བཟང་པོར་བརྟེན་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལོ་ལ་གཏིང་ཟབ་དང་ཏན་ཏིག་གིས་སྐུལ་འདེད་བྱས་ཡོད། ལྟ་སྐུལ་ཞིབ་བཤེར་གྱི་ནང་དོན་དང་བྱ་ཡུལ་མི་འདྲ་བར་དམིགས་ནས་ལྐོག་བཤེར་དང་མངོན་བཤེར་སོགས་བྱ་ཐབས་མི་འདྲ་བའི་ཐོག་ནས་གནད་སྨིན་ལྟ་སྐུལ་ཞིབ་བཤེར་བྱས་ཡོད། “དྲ་སྦྲེལ+སྲིད་དོན་ལྟ་སྐུལ་ཞིབ་བཤེར”ལ་བརྟེན་པ་དང“710”སྲིད་དོན་སྐུལ་སྒྲུབ་མ་ལག་དང“མཚོ་སྔོན་སྲིད་དོན་ལྟ་སྐུལ”གྱི་སྐད་འཕྲིན་སྤྱི་རྟགས་ཁྱོན་ཡོངས་ལ་ཁྱབ་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་འཕྲལ་མ་ཉིད་དུ་ཐབས་ཇུས་བཀོད་སྒྲིག་མ་ལག་གི་ལས་སྟེགས་བརྒྱུད་ནས་དུས་བཀག་ལྟར་སྒྲུབ་གཉེར་ལན་འདེབས་རྒྱུར་རྩིས་སྤྲོད་བྱས་པ་རེད། དུས་མཚུངས་སུ། “སྒོ་ཕྱེ་ནས་ལྟ་སྐུལ་ཞིབ་བཤེར”བྱས་ཏེ་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་དང་། གནད་དོན་གྱི་ཁུངས་སྣེ་སྣ་ཚོགས་འཚོལ་སྡུད་བྱས་ནས། དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱེད་པ་དང་། འཕྲལ་བཤེར་འཕྲལ་བཅོས་དང་ཡོ་བསྲང་མཐའ་གཅིག་ཏུ་བྱས་ཏེ། མང་ཚོགས་ཀྱིས་དོ་ཁུར་བྱེད་སར་དུས་ཐོག་ཏུ་ཨ་ལན་སློག་ཡོད།

གཞན་ཡང་། ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་གྱིས་ཆེད་དོན་ལྟ་སྐུལ་ཞིབ་བཤེར་དང་དུས་ཚིགས་ཀྱི་ཕྱོགས་བསྡུས་ལྟ་སྐུལ་ཞིབ་བཤེར་བྱས་འབྲས་དེ་ཞིང་ཆེན་ཡོངས་ལ་བརྡ་ཁྱབ་བཏང་ནས་ལས་ཕྱོད་དམའ་བ་དང་ལས་འགན་ལེགས་སྒྲུབ་ཡག་པོ་མ་བྱུང་བའི་ས་གནས་དང་སྡེ་ཁག་ལ་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱས་པ་དང་། གནད་དོན་གྱི་གསལ་ཐོ་བཟོས་ནས་རྩིས་ཐོ་མེད་པར་བཟོས་པའི་བར་དུ་རྗེས་སྙེག་བྱས་ཡོད། ལྟ་ཞིབ་ལས་ཤེས་རྟོགས་བྱུང་བའི་གནད་དོན་ཅུང་འབུར་ཐོན་ཡིན་པའི་ས་ཁུལ་དང་སྡེ་ཁག་ལ་འགན་འཁྲི་བདའ་འདེད་དང་། ལས་དོན་མི་སྒྲུབ་པ་དང་དལ་སྒྲུབ་སོགས་ཀྱི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་ནས་འགན་འཁྲི་དོན་འཁྱོལ་གྱི་སྟོན་ཕྱོགས་བཟང་པོ་དར་སྤེལ་བཏང་ཡོད། དམ་པ་དོན་གཉེར་གྱི་ལས་འགན་ལེགས་སྒྲུབ་ཡག་པོ་བྱེད་པ་དང་། སྲིད་ཇུས་དང་བྱེད་ཐབས་གལ་ཆེན་དོན་འཁྱོལ་བྱས་པའི་ཕན་འབྲས་མངོན་གསལ་དོད་པའི་ས་ཁུལ་ལ་བསྔགས་བརྗོད་བརྡ་ཁྱབ་དང་སྐུལ་ལྕག་རྒྱབ་སྐྱོར་བྱས་པ་རེད།

2019ལོར། རྣམ་གྲངས་ལ་གཟིགས་སྐྱོང་དང་། མ་དངུལ་གྱི་བྱ་དགའ། སྲིད་ཇུས་ཀྱི་རྒྱབ་སྐྱོར་སོགས་བྱ་དགའ་དང་རྒྱབ་སྐྱོར་བྱེད་ཐབས་ཁག11ཐོག་མར་སྤྱད་པ་དང་། གྲོང་ཁྱེར(ཁུལ)5དང་། རྫོང(གྲོང་ཁྱེར་དང་ཆུས)28དེ་བཞིན་ཤང(གྲོང་རྡལ)5བཅས་ལ་ལྟ་ཞིབ་སྐུལ་ལྕག་བྱས་ནས། དེའི་ནང་རྣམ་གྲངས་རྐྱང་པའི་བྱ་དགའ་མང་ཙམ་ཐོབ་པའི་གྲོང་ཁྱེར(ཁུལ)3གྱི་སྲིད་གཞུང་དང་། རྫོང་རིམ་པའི་སྲིད་གཞུང5ལ་ཞིང་ཆེན་སྲིད་གཞུང་གིས་སླར་ཡང་ཁག་སོ་སོར་སྒོར་ཁྲི1000དང་སྒོར་ཁྲི500ཡི་ནོར་སྲིད་མ་དངུལ་གྱི་བྱ་དགའ་དང་རྒྱབ་སྐྱོར་གནང་ནས། འགན་འཁུར་ལས་སྒྲུབ་དང་ཕན་ཚུན་འགྲན་རྩོད་ཀྱིས་འཕེལ་རྒྱས་གཏོང་བའི་རྣམ་པ་ཆགས་པར་སྐུལ་འདེད་བཏང་ཡོད། །

རྩོམ་སྒྲིག་པ། འབུམ་པ་རྒྱལ།

དཔྱད་མཆན 0 ཡོད།