ཡུལ་ཤུལ་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་གི་མཉམ་འབྲེལ་སྒྲིག་གཞི་འཚོལ་ཞིབ་དང་ཕུན་སུམ་ཚོགས་པར་བཏང་བ། ​

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ད་ལོ་ནས་བཟུང་།  ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་གྱིས“རིག་ལྡན་གྲོང་ཁྱེར་དོ་དམ་ལྟེ་གནས་ལྟེ་བར་འཛིན་པ་དང་།  གྲོང་ཁྱེར་ཏང་འཛུགས་སྐྱོང་མནའ་འབྲེལ་གྱིས་རམ་འདེགས་བྱེད་པ།  རིག་ལྡན་ཏང་འཛུགས་སྐྱོང་གི་དོ་དམ་ལས་སྟེགས་རྒྱུན་སྲིང་བྱེད་པ།  སྡེ་ཁུལ་ཤར་གཏོང་ཐུབ་པའི་དོ་དམ་ལས་སྟེགས་མཐའ་སྣེ་བྱེད་པ”བཅས་ཀྱི་གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་མ་ལག་ཕྱོགས་ཡོངས་ནས་བཙུགས་ཏེ།  མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་མཐའ་མའི་སྤྱི་ལེ་གཅིག་ཤར་གཏོང་བྱས་ཡོད།  ཤེས་རྟོགས་བྱུང་བར་གཞིགས་ན་ཡུལ་ཤུལ་གྲོང་ཁྱེར་གྱིས“རིག་ལྡན་ཏང་འཛུགས་སྐྱོང་བྱ་རྒྱུ”དེ་རིག་ལྡན་གྲོང་ཁྱེར་གྱི་གཉེར་སྐྱོང་དོ་དམ་མ་ལག་ནང་བཅུག་ནས།  ཏང་ཡོན་རྣམས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་དྲ་མིག་ཅན་གྱི་དོ་དམ་པར་བསྒྱུར་བ་རེད།  “དྲ་ཐོག་དང་དྲ་ཕྱི”།  “དྲ་གཅིག་ལས་མི་མང་”སོགས་ཀྱི་བྱེད་ཐབས་སྤྱད་དེ།  དྲ་མིག་དོ་དམ་ཅན་གྱི་དམངས་འཚོའི་ལས་དོན་གཉེར་མཁན་དང་།  སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་སྒྲོག་པ་ཞིག་ཏུ་འགྱུར་བར་བྱས།  

རིག་ལྡན་གྲོང་ཁྱེར་གྱི་དོ་དམ་ལྟེ་གནས་བརྒྱུད་དེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས“དྲ་མིག་ཅན་གྱི་དོ་དམ་མི་སྣ་མང་ཙམ་བསྐྱོད་པ་དང་མང་ཚོགས་ཀྱི་འགྲོ་སྐྱོད་ཇེ་ཉུང་དུ་གཏོང་བར”འགན་ལེན་བྱེད་པ་དང་། བྱ་བའི་ཁྲོད་དུ“གཉིས་ཀ་ཐོ་འགོད”བྱེད་པའི་རྣམ་པ་སྤྱད་དེ།  སྲང་ལམ་སྡེ་ཁུལ་གྱི་ཏང་རྩ་འཛུགས་སྲོག་ཤིང་དུ་འཛིན་པ་དང་།  ཁེ་ལས་དང་སྤྱི་ཚོགས་ཀྱི་རྩ་འཛུགས་དང་འབྲེལ་མཐུད་བྱས་ཏེ།  “གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་གི་མཉམ་འབྲེལ་སྒྲིག་གཞི”ཆགས་སུ་འཇུག་དགོས།  དྲ་སྦྲེལ་མནའ་འབྲེལ་གྱིས་ལས་སྟེགས་བསྐྲུན་ཏེ“རྩ་འཛུགས་མཉམ་སྐྲུན་དང་།  ཐོན་ཁུངས་མཉམ་སྤྱོད།  ཏང་ཡོན་མཉམ་གསོ།  ཞབས་ཞུ་མཉམ་འཛིན།  དཀའ་ངལ་མཉམ་སེལ”བཅས་མངོན་འགྱུར་བྱེད་དགོས་ལ།  གཞན་ཡང་སྨྱན་མང་གཟུགས་ཀྱི་དོ་དམ་སྟེགས་བུ་འཛུགས་སྐྲུན་བྱེད་དགོས། ལས་སྟེགས་ནང་དྲ་ཐོག་གི་ཏང་གཤིས་སློབ་གསོའི་རྟེན་གཞི་དང་ཏང་གི་སློབ་གྲྭ་སོགས་སློབ་སྦྱོང་བྱ་ཡུལ་མང་པོ་བཙུགས་ནས།  ཚང་མར་ལྡེམ་ཤུགས་ཅན་དང་ལྟ་ཉན་ཅན་གྱི་སློབ་སྦྱོང་ཐབས་ལམ་མཁོ་འདོན་བྱས་ཡོད།  དེ་དང་མཉམ་དུ་ལས་སྟེགས་སུ་བཙུགས་པའི་ཏང་འཛུགས་སྐྱོང་གི་སློབ་སྟོན་པ་དང་།  ཏང་ནང་ཁུལ་གྱི་གཅེས་སྐྱོང་སོགས་ཀྱི་ཞབས་ཞུའི་ནུས་པ།  དྲ་ཐོག་འབྲེལ་གཏུག་དང་དྲ་ཕྱི་རོགས་སྐྱོར་གྱི་ཞབས་ཞུའི་ལམ་བུ་བཏོད་དེ།  མང་ཚོགས་དང་ཏང་ཡོན་ཕན་ཚུན་ལ་རོགས་རམ་བྱེད་དུ་འཇུག་དགོས།  ཐོད་བརྒལ་གྱི་བློ་གྲོས་ཅན་དང་ཞིབ་ཕྲ་ཅན་གྱི་ཞབས་ཞུའི་འདུ་ཤེས་འབུར་དུ་ཐོན་པ་དང་།  “གསར་བརྗེའི་སྡེ་ལས”ཀྱི་དཔེ་སྟོན་ས་ཚིགས་བཏོད་དེ་སྡེ་ལས་ཀྱི“དྲ་ཐོག་དང་དྲ་ཕྱི”ཡི་ཞབས་ཞུའི་རྣམ་པ་བཏོད་པས།  མང་ཚོགས་ཀྱིས་དྲ་ཐོག་ནས་སྡེ་ལས་ཞབས་ཞུ་ལོངས་སྤྱོད་བྱས་ཆོག་པ་རེད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།