རྨ་ལྷོ་ཁུལ་གྱི“རྨ་ལྷོའི་གདོང་མཆོངས”རིག་ནུས་ཏང་འཛུགས་སྤྲིན་སྟེགས་དངོས་སུ་སྤྱོད་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  (གསར་འགོད་པ། མཁའ་འགྲོ་ཚེ་བརྟན། བསོད་ནམས་རྒྱལ། ཀུའུ་ཀྲི་ཞ།) ཟླ6པའི་ཚེས8ཉིན་གྱི་སྔ་དྲོར། “རྨ་ལྷོའི་གདོང་མཆོངས”རིག་ནུས་ཏང་འཛུགས་སྤྲིན་སྟེགས་དངོས་སུ་སྤྱོད་འགོ་ཚུགས་པའི་མཛད་སྒོ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་རུ་ཡོད་པའི་མཚོ་སྔོན་གསོལ་མགྲོན་ཁང་དུ་སྤེལ།

WechatIMG39.jpeg

WechatIMG44.jpeg

འགོ་རྩོམ་མཛད་སྒོའི་སྟེང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་མཱ་མིན་ཧྲིན་དང་ཀྲུང་གོ་གློག་འཕྲིན་མཚོ་སྔོན་ཡན་ལག་ཀུང་ཟིའི་སྤྱི་གཉེར་བ་གཞོན་པ་ཀའེ་ཅིན་ཧའེ་གཉིས་ཀྱིས་ཤིས་ཚིག་ཕུལ་བ་དང་། འབྲེལ་ཡོད་སྐུ་མགྲོན་དང་འགོ་ཁྲིད་རྣམས་ཀྱིས་དུས་མཉམ་དུ་ཆུ་ཤེལ་སྤོ་ལོ་སྐོར་ནས་འགོ་ཚུགས་པར་རྟེན་འབྲེལ་ཞུས།

WechatIMG45.jpeg

ཐེངས་འདིའི་མཛད་སྒོའི་སྟེང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་རྨ་ལྷོ་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད། མཚོ་སྔོན་གྱི་ཁུལ་རིམ་པའི་གློག་འཕྲིན་ཀུང་ཟིའི་འགན་ཁུར་བ། རྫོང་ཁག་བཞི་ཡི་ཏང་ཨུ་ཧྲུའུ་ཅི་གཞོན་པ་དང་རྩ་འཛུགས་པུའུ་ཀྲང་། ཁུལ་ཐད་གཏོགས་ལས་ཁུངས་ཀྱི་འགན་ཁུར་བ་དང་། “རྨ་ལྷོའི་གདོང་མཆོངས”རིག་ནུས་ཏང་འཛུགས་སྤྲིན་སྟེགས་ཀྱི་དོ་དམ་མི་སྣ། ཀྲུང་དབྱང་དང་ཞིང་ཆེན། ཁུལ་རིམ་པའི་གསར་འགྱུར་ལས་ཁུངས30ལྷག་གི་གསར་འགོད་པ་བཅས་ཞུགས་ཡོད།

WechatIMG43.jpeg

ཡུལ་དངོས་སུ་བརྙན་ལམ་བརྒྱུད་ནས་“རྨ་ལྷོའི་གདོང་མཆོངས”རིག་ནུས་ཏང་འཛུགས་སྤྲིན་སྟེགས་ངོ་སྤྲོད་གནང་བ་མ་ཟད་ཡུལ་དངོས་གནས་ཚུལ་རྣམས5Gདྲ་རྒྱ་བཀོལ་ནས་ཐད་གཏོང་བྱས།

མཱ་མིན་ཧྲིན་གྱིས་བཤད་རྒྱུར། རྨ་ལྷོ་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དམ་པོར་དམིགས་ཏེ་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ཞིབ་ཕྲའི་བླང་བྱ་དང་ཁུལ་ཏང་ཨུའི་བཀོད་སྒྲིག་ལྟར། ཏང་འཛུགས་བྱ་བ་ཆ་འཕྲིན་ཅན་དུ་གཏོང་ཆེད། སྔར་ལས་ལྷག་པར་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་དང་མ་ལག་གི་ནུས་པ་ལེགས་བསྒྱུར་བྱས་ནས “རྨ་ལྷོའི་གདོང་མཆོངས”ཀྱི་རིག་ལྡན་ཏང་འཛུགས་ལས་སྟེགས་ཡག་པོ་འཛུགས་པ་དང་། དོ་དམ་ཡག་པོ་བྱེད་པ། བེད་སྤྱོད་ཡག་པོ་གཏོང་བ་བཅས་བྱས་ཏེ། སྔར་ལས་ཆ་ཚང་བ་དང་། སྔར་ལས་ལས་ཆོད་ཆེ་བ། སྔར་ལས་རིག་ནུས་ལྡན་པ་བཅས་ཀྱི་ཏང་འཛུགས་སྐྱོང་གི་ཕྱོགས་བསྡུས་ཉེར་སྤྱོད་ཞབས་ཞུའི་ལས་སྟེགས་སུ་བསྒྱུར་དགོས།

WechatIMG42.jpeg

འདི་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་སྙན་ཞུ་ནང་བཏོན་པའི“དྲ་རྒྱའི་ལག་རྩལ་དང་ཆ་འཕྲིན་ཅན་གྱི་བྱེད་ཐབས་བཀོལ་ནས་བྱ་བ་སྒྲུབ་དགོས”ཞེས་པའི་བླང་བྱ་དངོས་འབེབ་དོན་འཁྱོལ་བྱས་ཏེ། དུས་རབས་གསར་པའི་ཏང་འཛུགས་བྱ་བ་ཆ་འཕྲིན་ཅན་དུ་གཏོང་བའི་དགོས་མཁོ་ལ་དམིགས་ནས། སྤྲིན་སྟེགས་རྩིས་རྒྱག་དང་གཞི་གྲངས་ཆེན་མོ། མིས་བཟོས་རིག་ནུས་བཅས་གཞི་གཅིག་ཏུ་བསྡུས་ནས་སྐྲུན་པའི་ཤེས་ལྡན་ཅན་གྱི་ཏང་འཛུགས་ཆ་འཕྲིན་སྟེགས་བུ་ཞིག་ཡིན།

WechatIMG41.jpeg

རྒྱུས་ལོན་པ་ལྟར་ན། ལས་སྟེགས་འདི་ནི་རྨ་ལྷོ་ཁུལ་གྱིས་ཏང་འཛུགས་བྱ་བ་ཆ་འཕྲིན་ཅན་དུ་གཏོང་བའི་ལས་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། 2019ལོའི་ཟླ7པ་ནས་བཟུང་ཀྲུང་གོ་གློག་འཕྲིན་རྨ་ལྷོ་ཡན་ལག་ཀུང་ཟི་དང་མཉམ་འབྲེལ་བྱས་ཏེ་ལས་འགོ་བརྩམས་པ་ཡིན་ལ། བྱེད་ནུས་གཙོ་བོར་ཏང་སྲིད་ལས་དོན་དོ་དམ་དང་ཏང་འཛུགས་བྱ་བ་ཚད་ལེན། ཏང་ཡོན་རྣམས་སློབ་སྦྱོང་དང་ཕན་ཚུན་བསམ་བློ་བརྗེ་རེས་བཅས་རྒྱུན་རྣམ་ཅན་གྱི་ཉེར་སྤྱོད་ཀྱི་རྨང་གཞི་སྟེང་། གཞི་གྲངས་ཆེན་མོ་དང་སྤྲིན་རྩིས། མིས་བཟོས་རིག་ནུས་བཅས་ཀྱི་ལག་རྩལ་གསར་བ་བཀོལ་ནས་དུས་ཐོག་ཏུ་གཞི་རིམ་ཏང་འཛུགས་ཀྱི་གནས་ཚུལ་བསྡུ་ལེན་དང་དབྱེ་ཞིབ། ཕྱོགས་བསྡུས་དབྱེ་འབྱེད། ཏང་ཡོན་རུ་དཔུང་ལ་དབྱེ་ཞིབ། རྩ་འཛུགས་འཛུགས་སྐྲུན་ལ་དབྱེ་ཞིབ། དུས་དང་རྣམ་པ་ཀུན་ཏུ་ཏང་འཛུགས་བྱ་བའི་ཐབས་ཇུས་དེ་ཚན་རིག་དང་མཐུན་ལ་ཆ་འཕྲིན་ཡང་དག་དང་། ནུས་ཕྱོད་མཐོ་བ། ཕན་འབྲས་བཟང་བ་བཅས་ཀྱི་སྒོ་ནས་ཁུལ་ཡོངས་ཀྱི་ཏང་འཛུགས་བྱ་བའི་ཆ་འཕྲིན་འདོན་སྤྲོད་བྱ་རྒྱུ་དེ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།