མཚོ་སྔོན་ཞིང་ཆེན་གྱིས་ཡུལ་སྤོའི་དབུལ་སྐྱོར་གྱི་ལས་ཞུགས་རོགས་སྐྱོར་ལས་དོན་ཏན་ཏིག་སྒོས་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “བརྟན་བརླིང་དྲུག”གི་ལས་དོན་ཏན་ཏིག་གིས་སྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་ཆེད། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་དངོས་སྒྲུབ་བྱ་ཐབས་དྲུག་སྤྱད་དེ་ཡུལ་སྤོའི་དབུལ་སྐྱོར་གྱི་ལས་ཞུགས་རོགས་སྐྱོར་ལས་དོན་སྤེལ་ནས་ཡུལ་སྤོའི་མང་ཚོགས་རྣམསབརྟན་འཇགས་ཡོང་ཞིང་ལས་ཞུགས་ཐུབ་ཏེ་རིམ་བཞིན་ཕྱུག་འགྱུར་འགྲོ་བརའགན་ལེན་བྱས་ཡོད།  

མཐིལ་རྟོགས་བརྟག་དཔྱད་བྱས་པ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་རྩ་འཛུགས་བྱས་ཏེ་ས་ཁུལ་དེ་གའི་ཡུལ་སྤོའི་མང་ཚོགས་ཀྱི་ལས་ཞུགས་གནས་ཚུལ་ཁྱོན་ཡོངས་ནས་མཐིལ་རྟོགས་བྱས་པ་དང་། གནས་སྤོའི་མང་ཚོགས་ཀྱི་ལས་ཞུགས་ནུས་པ་དང་ལས་ཞུགས་བསམ་འདུན། གསོ་སྦྱོང་དགོས་མཁོ་བཅས་ཁོང་དུ་ཆུད་པར་བྱས་ནས་དུས་ཐོག་ཏུ“ཅིན་པའོ་ལས་གཞིའི”ཆ་འཕྲིན་མ་ལག་ཏུ་ནང་འཇུག་བྱས་ཤིང་། ཡུལ་སྤོའི་ཚགས་འཛུགས་བྱང་སྒྲིག་གི་དུད་ཚང་དབུལ་པོར་རྗེས་མཐུད་ཐོན་ལས་ཀྱི་ལས་ཞུགས་རྩིས་ཁྲ་བཟོས་ནས་རྗེས་མཐུད་ཐོན་ལས་དང་ཡོང་འབབ་གནས་ཚུལ་ལ་བསྡོམས་རྩིས་དང་ལྟ་ཞིབ་ཚད་ལེན་བྱས་ཡོད། 

ལས་ཞུགས་ཞབས་ཞུའི་མ་ལག་བཙུགས་པ། ཞིང་ཆེན་ཡོངས་ཀྱི་གནས་སྤོས་མི་འབོར་དབུལ་པོ800ཡན་གྱི་གཅིག་སྡུད་བཀོད་སྒྲིག་ཁུལ26ཏུ་སྤྱི་པའི་ལས་ཞུགས་ཞབས་ཞུའི་ས་ཚིགས་སམ་སྒེའུ་ཁུང་བཙུགས་ནས“གཅིག་འཐུས་རྣམ་པའི”ལས་ཞུགས་ཞབས་ཞུ་མཁོ་འདོན་བྱས་ཏེ་སྲིད་ཇུས་སྒྲོག་འགྲེལ་དང་བརྟག་དཔྱད་བསྡོམས་རྩིས། གསོ་སྦྱོང་རྩ་འཛུགས་ལ་རམ་འདེགས། ངལ་ནུས་ཕྱིར་གཏོང་སོགས་ཀྱི་ལས་ཞུགས་ཞབས་ཞུ་སྤེལ་ཡོད། 

དྲ་ཐོག་དང་དྲ་ཕྱིའི་གདན་ཞུའི་བྱེད་སྒོ་གཉེར་བ། དུས་ཐོག་ཏུ་དྲ་ཐོག་དང་དྲ་ཕྱིའི་སྤྱི་པའི་ལས་ཞུགས་ཞབས་ཞུའི་ཆེད་དོན་བྱེད་སྒོ་རྩ་འཛུགས་བྱས་ནས“སྲིད་ཇུས་སྤྲོད་པ་དང་། ལས་གནས་སྤྲོད་པ། ཁ་གསབ་སྤྲོད་པ། གསོ་སྦྱོང་སྤྲོད་པ”སོགས་ཀྱི་རོགས་སྐྱོར་བྱེད་སྒོ་དེ་གནས་སྤོའི་མང་ཚོགས་མི་འབོར་ཅུང་མང་བའི་བཀོད་སྒྲིག་ཁུལ་དུ་སྤེལ་ཏེ། ངལ་རྩོལ་ནུས་ཤུགས་ཀྱི་གནས་སྤོའི་ལས་ཞུགས་ལས་གནས་ཐོག་གི་ཆ་འཕྲིན་དུས་ཐོག་དང་ནུས་ལྡན། ཤར་བགྲོདབཅས་ཡོང་བར་འགན་ལེན་བྱས་ཡོད།  

ལས་རིགས་ནུས་རྩལ་གྱི་གསོ་སྦྱོང་སྤེལ་བ། ལས་ཞུགས་བྱེད་འདོད་ཡོད་པ་དང་གསོ་སྦྱོང་གྱི་དགོས་མཁོ་ཡོད་པའི་ཡུལ་སྤོའི་ངལ་རྩོལ་པར་དམིགས་ཡུལ་ཡོད་པའི་སྒོ་ནས་ལས་རིགས་ཀྱི་ནུས་རྩལ་གསོ་སྦྱོང་བྱས་ལ། ལག་རྩལ་སློབ་གྲྭར་འགྲོ་འདོད་ཡོད་པའི་ཡུལ་སྤོའི་དུད་ཚང་དབུལ་པོའི་བུ་ཕྲུག་ལག་རྩལ་སློབ་གྲྭར་ཞུགས་པར་འོས་སྦྱོར་ཧུར་ཐག་བྱས་ཤིང་། རོགས་དངུལ་སྲིད་ཇུས་དོན་འཁྱོལ་དང་དངོས་སྦྱོང་བཀོད་སྒྲིག ལས་ཞུགས་འོས་སྦྱོར་སོགས་ཀྱི་སྲིད་ཇུས་ལོངས་སྤྱོད་བྱེད་དུ་བཅུག་ནས་ངལ་ནུས་ལྷག་མའི་ཚགས་འཛུགས་བྱང་སྒྲིག་ཡུལ་སྤོའི་དུད་ཚང་རེར་ཉུང་མཐའ་ཡང་མི་གཅིག་གིས་ལས་རིགས་གསོ་སྦྱོང་བརྒྱུད་ལས་ཞུགས་ཐུབ་པར་འགན་ལེན་བྱས་ཡོད།  

གནས་སྤོའི་ལས་ཞུགས་རྩ་འཛུགས་བྱས་པ། ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་ངལ་ནུས་མཉམ་ལས་དང་ཁ་གཏད་རོགས་སྐྱོར། ཞིང་ཆེན་ནང་ཁུལ་གྱི“མཚོ་ནུབ་ཀྱི་འཕང་འབྲས་འཐུ་བ”སོགས་ངལ་ནུས་འབྲེལ་མཐུད་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱས་ཏེ། མི་ཤུགས་ཐོན་ཁུངས་ཞབས་ཞུའི་སྒྲིག་གཞི་དང་ངལ་ནུས་བར་ཁེ་བ་སོགས་ཁྲོམ་རའི་བྱེད་པོས་ཡུལ་སྤོའི་དབུལ་སྐྱོར་ཁུལ་དུ་བསྐྱོད་རྒྱུ་རྩ་འཛུགས་བྱས་ནས་ལས་ཞུགས་གཞན་སྒྱུར་བྱེད་འདོད་ཡོད་པའི་ངལ་ནུས་ལ་ལས་གནས་ཀྱི་ཆ་འཕྲིན་དང་ངལ་ནུས་འབྲེལ་མཐུད་ཞབས་ཞུ་མུ་མཐུད་དུ་མཁོ་འདོན་བྱས་ཡོད།   

ས་གནས་དེ་གར་ལས་ཞུགས་བྱེད་པར་སྐུལ་འདེད་བཏང་བ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་སྣེ་ཁྲིད་དང་མཐུན་སྦྱོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཡུལ་སྤོའི་ལས་ཞུགས་ལ་རོགས་སྐྱོར་བྱེད་པའི་མཐུན་སྦྱོར་ལམ་སྲོལ་བཙུགས་ནས། ས་གནས་དེ་གའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་གཙོ་ཁྲིད་ཐོན་ལས་འཕེལ་རྒྱས། དབུལ་སྐྱོར་འཁོར་ཁང་གི་ལས་མི། སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་སོགས་ཀྱི་ཡུལ་སྤོའི་བཀོད་སྒྲིག་ཁུལ་གྱི་མང་ཚོགས་ས་གནས་དེ་གར་ལས་ཞུགས་ཐུབ་རྒྱུར་རྒྱབ་སྐྱོར་བྱས་ཡོད།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།