མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིན་གྱིས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  “མི་སྣ་གསོ་སྦྱོང་ཆེན་མོ།  ལས་གནས་སྦྱོང་བརྡར་ཆེན་མོ།  ཁོར་ཡུག་བཅོས་སྒྲིག་ཆེན་མོ”བཅས་ཀྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།  ཏང་དབུ་བརྙེས་ནས་ལོ་ངོ99འཁོར་བར་བསུ་བ་ཞུ་ཆེད། ཟླ6པའི་ཚེས5ཉིན།  མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིན་གྱི་ཏང་འཛུགས་སྐྱོང་འབྲེལ་གཏུག་ཚོགས་ཆུང་གསུམ་པས་ཞིང་ཆེན་ལུས་རྩལ་ཅུའུ་ལས་ཁུངས་ཏང་ཨུ་དང་མཉམ་འབྲེལ་བྱས་ཏེ།  མདོ་བ་རྒྱལ་ཁབ་ས་མཐོའི་ལུས་རྩལ་སྦྱོང་བརྡར་རྟེན་གཞི་ནས་མཉམ་འབྲེལ་སྒོས“ཏང་སེམས་གཅིག་སྒྲིལ་དང་།  ལུས་སྟོབས་ཆེ་རུ་གཏོང་བ།  ཉམས་རྩལ་ངོམ་པ”བཅས་ཀྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

 མདོ་བ་རྟེན་གཞིའི་རྐང་རྩེད་སྤོ་ལོའི་ར་བའི་ནང་ཏང་ཡོན་ཡོངས་ཀྱིས་ཏང་ནང་ཞུགས་པའི་དམ་ཚིག་བསྐྱར་དྲན་བྱས་པ་དང་བློ་བརྟན་འགྱུར་མེད་ཀྱི་དམ་བཅའ་བཞག་པ་རེད།  དེ་རྗེས་ནས་ནང་དོན་ཕུན་སུམ་ཚོགས་པ་དང་།  ངོ་མཚར་ཆེ་བའི་བྱེད་སྒོའི་ཁྲོད་དུ་ཚང་མས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ཐལ་མོའི་རྡེབ་སྒྲ་རྒྱུན་ཆད་མེད་པར་གྲགས། གཞན་མེ་མདའ་རྒྱག་ཡུལ་དང་།  ལྒང་ལི་ར་བ། རྐང་རྩེད་སྤོ་ལོའི་ར་བ་རུ་ཏང་ཡོན་ཚོས་འཚང་ཁ་ཤིག་ཤིག་ངང་རང་ཉིད་ཀྱི་ནུས་རྩལ་སྣ་ཚོགས་ངོམ་ཡོད་པ་རེད།

   ད་ལོ་ནས་བཟུང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་ཏང་འཛུགས་སྐྱོང་གི་བསམ་ཕྱོགས་གསར་གཏོད་བྱས་ཏེ།  ལས་ཁུངས་ཀྱི་ཏང་ཡོན་ཉུང་བ་དང་།  ལས་སྒོའི་ལས་ཀ་བྲེལ་བ་ཆེ་བའི་དོན་དངོས་ལ་དམིགས་ནས།  གཞི་རིམ་ཏང་རྩ་འཛུགས་དེ་ཏང་སྐྱོང་འབྲེལ་གཏུག་ཚོ་ཆུང་ལྔ་རུ་བགོས་ཏེ།  ཐོན་ཁུངས་མཉམ་སྤྱོད་དང་བཟང་ཆ་ཁ་གསབ་བྱེད་རེས་བྱས་པ་བརྒྱུད་རིམ་པ་མང་པོའི་མཉམ་འབྲེལ་ཐོག་བརྗོད་བྱ་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ།  ཏང་ཡོན་གྱི་རིག་གནས་དང་འཚོ་བ་སྔར་ལས་ཕུན་སུམ་ཚོགས་པར་བཏང་བ་དང་།  ཏང་རྩ་འཛུགས་ཀྱི་གོང་བུར་འགྲིལ་ཤུགས་དང་།  བློ་ཁ་ཕྱོགས་ཤུགས་དང་འཐབ་འཛིང་ནུས་ཤུགས་བཅས་ཇེ་ཆེར་བཏང་བས།  རྒྱ་ཆེའི་ཏང་ཡོན་རྣམས་ཀྱི་གདེང་འཇོག་བཟང་པོ་ཐོབ་པ་རེད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།