མཚོ་སྔོན་ཞིང་ཆེན་གྱིས་ཆུའི་སྦགས་བཙོག་འགོག་བཅོས་དང་ཆུའི་སྐྱེ་ཁམས་སྲུང་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  "2019ལོར་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ཀྱིས་དཔྱད་ཞིབ་བྱས་པའི་ས་ངོས་ཀྱི་ཆུའི་ལྟ་ཞིབ་ཚད་ལེན་གྱི་བཅད་ངོས19ཡི་ཆུའི་སྤུས་ཚད་ཕྱོགས་ཡོངས་ནས་ཚད་ལོན་ཡོད། ཆུའི་སྤུས་ཚད་ལེགས་པའི(རིགསIIIལ་སླེབས་པའམ་དེ་ལས་ལེགས་པའི)བསྡུར་ཚད94.7%ཡིན་པ་དང་། རྒྱལ་ཁབ་ཀྱི་བླང་བྱ་ལས་བརྒྱ་ཆའི་གྲངས5.2ཡིས་མཐོ་བ་རེད། སྤུས་ཞནVརིགས་ཀྱི་བཅད་ངོས་བསྡུར་ཚད་ནི0ཡིན་པས། རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་གྱི་སྔོན་བཀོད་དམིགས་འབེན་མངོན་འགྱུར་བྱུང་ཡོད།" ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་ནས“གཙང་ཆུ་དྭངས་མོ་ཤར་དུ་བཞུར་བའི”ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་པ་དང་། ཆུའི་སྦགས་བཙོག་འགོག་བཅོས་དང་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བས་ཆུའི་ཁོར་ཡུག་གི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་ལ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྐྱིད་ཚོར་སེམས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད།

“ལོ་ལྔ་ཚན་བཅུ་གསུམ་པ”ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཆུའི་སྦགས་བཙོག་འགོག་བཅོས་དང་ཆུའི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར34.37བེད་སྤྱོད་བྱས་ཏེ། ཞིང་ཆེན་ཡོངས་སུ་འབབ་རྒྱུད་ཀྱི་ཆུའི་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་དང་། ཆུ་བོ་དང་མཚེའུའི་ཆུ་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ། མཚེའུ་དང་ཆུ་མཛོད་གཙོ་བོའི་སྐྱེ་ཁམས་སྲུང་སྐྱོང་སོགས་རྣམ་གྲངས་ཆེ་གྲས8དང་རྣམ་གྲངས132བཀོད་སྒྲིག་དང་ལག་བསྟར་བྱས་ཡོད་ལ། འབབ་རྒྱུད་ཀྱི་ཆུའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་མུ་མཐུད་དུ་ཇེ་ལེགས་སུ་འགྲོ་རྒྱུར་འགན་ལེན་བྱས་པ་རེད།

རྒྱལ་ཁབ་ཀྱི“ཆུའི་སྐོར་གྱི་དོན་ཚན་བཅུ”དང་གཙོ་གནད་ལས་དོན་ལ་རྩེ་གཅིག་ཏུ་དམིགས་ནས། བཟོ་ལས་གཅིག་སྡུད་ཁུལ་དུ་བཙོག་ཆུ་གཅིག་སྡུད་གཙང་བཟོའི་སྒྲིག་ཆས་བསྐྲུན་ནས་ཞིང་ཆེན་ཡོངས་ཀྱིས་རྒྱལ་ཁབ་ཀྱིས་བཀོད་གཏོང་བྱས་པའི་ཞིང་ཆེན་རིམ་པ་ཡན་གྱི་བཟོ་ལས་གཅིག་སྡུད་ཁུལ13ནང་བཅུག་ཡོད་པའི་ཁྲོད་དུ། བཙོག་ཆུ་གཅིག་སྡུད་གཙང་བཟོའི་སྒྲིག་ཆས11བསྐྲུན་ཟིན་པ་དང་འབྲེལ་དྲ་ཐོག་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད་པ་རེད། 2019ལོའི་ལོ་མཇུག་ཏུ་སླེབས་སྐབས་ཞིང་ཆེན་ཡོངས་ཀྱི་སྣུམ་སྣོན་ས་ཚིགས636ནང་། ས་འོག་སྣུམ་ཟོམ627ལ་སིམ་འགོག་སྒྱུར་བཀོད་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་གསོ་ཚགས་བཀག་སྡོམ་ཁུལ་གྱི་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་ར་བ326གནས་སྤོ་བཤིག་གཏོང་བྱས་པ་རེད། ཞིང་ཆེན་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར13དང་རྫོང་རིམ་པའི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ41གི་ཆུའི་སྤུས་ཚད་བརྟན་པོ་ཡོང་བ་བྱས་ནས་རིགསIIཀྱི་ཆུའི་སྤུས་ཚད་ལ་སླེབས་པའམ་དེ་ལས་ལེགས་པ་ཡིན། ས་འོག་ཆུ་ཡི་རྒྱལ་ཁབ་དཔྱད་ཞིབ་ས་ཚིགས14ཡི་ཆུའི་སྤུས་ཚད་སྤྱིའི་ཆ་ནས་བརྟན་པོ་ཡོད་པའི་ནངན་གོར་མོ་གྲོང་ཁྱེར་ས་ཚིགས3གྱི་ཆུའི་སྤུས་ཚད་ལེགས་སུ་ཕྱིན་ཡོད་པ་རེད།

འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་མུ་མཐུད་ཡག་པོ་བརྒྱབ་ནས། 2019ལོའི་རྫོང་རིམ་པའི་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི“ཏུན་སྟོང་ལ་མི་ཁྲི”ཡི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་མཐིལ་རྟོགས་བརྟག་དཔྱད་སྒྲིག་འཛུགས་ཧུར་ཐག་བྱེད་པ་དང་། ས་ཁུལ་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིའི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་ཚད་ལྡན་ཅན་འཛུགས་སྐྲུན་དང་དོ་དམ་ཁྱོན་ཡོངས་ལ་ཁྱབ་པའི་ཚོད་ལྟའི་ལས་དོན་སྤེལ་རྒྱུ་སྒྲིག་འཛུགས་བྱེད་དགོས། བཙོག་ཆུ་དྲི་ཅན་བཅོས་སྐྱོང་གི་འགག་སྒྲོལ་དམག་འཐབ་མུ་མཐུད་ལེགས་པོ་བརྒྱབ་ནས། ཆུ་བོ་དང་མཚེའུ“ཉོག་རྫོབ་བཞི་གཙང་སེལ”ཡི་ཆེད་དོན་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ་དང་། ཆུ་ཁོངས་དང་འགྲམ་ངོགས་ཀྱི་དོ་དམ་སྲུང་སྐྱོང་དང་། ཆུའི་སྦགས་བཙོག་འགོག་བཅོས། དེ་བཞིན་ཆུའི་སྐྱེ་ཁམས་སླར་གསོ་སོགས་ཀྱི་ལས་འགན་གཙོ་བོ་དོན་འཁྱོལ་ཡོང་བར་མཐུན་སྦྱོར་དང་སྐུལ་འདེད་གཏོང་བ་དང་། གཙང་པོ་དང་མཚེའུའི་རྣམ་པ་རྒྱུན་མཐུད་ངང་ལེགས་སུ་གཏོང་དགོས། །

རྩོམ་སྒྲིག་པ། འབུམ་པ་རྒྱལ།

དཔྱད་མཆན 0 ཡོད།