ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་ཧའར་པིན་བཟོ་ལས་སློབ་ཆེན་བཙུགས་ནས་ལོ་ངོ100འཁོར་བར་རྟེན་འབྲེལ་ཞུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས7ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་ཧའར་པིན་བཟོ་ལས་སློབ་ཆེན་བཙུགས་ནས་ལོ་ངོ100འཁོར་བར་རྟེན་འབྲེལ་ཞུས་ཤིང་། སློབ་གྲྭ་ཡོངས་ཀྱི་དགེ་རྒན་ལས་བཟོ་བ་དང་སློབ་གྲོགས་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་གསུངས་དོན། ཧའར་པིན་བཟོ་ལས་སློབ་ཆེན་ལ་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་ཏང་གི་འགོ་ཁྲིད་འོག སློབ་གྲྭས་བྱང་ཤར་ས་ཁུལ་དུ་གཞི་འཛུགས་པ་དང་། མེས་རྒྱལ་དགའ་ཞེན་དང་ལེགས་སྐྱེས་འབུལ་བ། དཀའ་སྤྱད་ལས་སྐྲུན་བཅས་བྱས་ཏེ་རྒྱལ་ཁབ་རིམ་པའི་རྩ་ཆེའི་འཕྲུལ་ཆས་སྐོར་ཞིག་བཟོ་སྐྲུན་དང་། ཕུལ་དུ་བྱུང་བའི་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་བྱས་ཏེ་ཏང་དང་མི་དམངས་ལ་བྱས་རྗེས་གལ་ཆེན་བཞག་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ཧའར་པིན་བཟོ་ལས་སློབ་ཆེན་གྱིས་འགོ་འཛུགས་ས་གསར་པའི་སྟེང་། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ལ་རྩེ་གཅིག་ཏུ་དམིགས་པ། དཔེ་ཁྲིད་མི་སྐྱོང་དང་ཚན་ཞིབ་འགག་སྒྲོལ་སོགས་ཀྱི་བྱ་བའི་ཁྲོད་རྒྱུན་ཆད་མེད་པར་སྒྱུར་བཅོས་གསར་གཏོད་དང་། འབད་འབུངས་ཡར་བརྩོན། ཕུལ་བྱུང་དོན་གཉེར་བཅས་བྱེད་པའི་རེ་བ་བཏོན་པ་མ་ཟད། “བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྔར་ལས་ལྷག་པའི་སྒོ་ནས་ལེགས་སྐྱེས་གསར་པ་འབུལ་དགོས་པའི་རེ་བ་བཏོན་པ་རེད། (རྟེན་འབྲེལ་འཕྲིན་ཡིག་ཆ་ཚང་ལོགས་སུ་འགོད་རྒྱུ་ཡིན།)

ཧའར་པིན་བཟོ་ལས་སློབ་ཆེན་ནི1920ལོར་བཙུགས་པ་དང་། 1954ལོར་རྒྱལ་ཁབ་ཀྱི་ཁག་དང་པོའི་གཙོ་གནད་འཛུགས་སྐྲུན་གྱི་མཐོ་རིམ་སློབ་གྲྭ6གི་གྲས་སུ་ཚུད། ལོ་ངོ་མང་པོའི་རིང་། སློབ་གྲྭས“རྨང་གཞི་བརྟན་པོ་དང་། ལག་ལེན་ཇེ་ཟབ། བརྒྱུད་རིམ་ནན་མོ། གསར་གཏོད་བརྩོན་ལེན་”བཅས་ཀྱི་སྒོ་ནས་ཁྱད་ཆོས་ལྡན་པའི་ཤེས་ལྡན་མི་སྣ་ཕུལ་བྱུང་ཁག་གཅིག་གསོ་སྐྱོང་བྱས་ཡོད།

རྟེན་འབྲེལ་ཞུ་ཡིག

ཧའར་པིན་བཟོ་ལས་སློབ་ཆེན་བཙུགས་ནས་ལོ་ངོ100འཁོར་བའི་བར་སྐབས་འདིར། ངས་ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ་སློབ་གྲྭ་ཡོངས་ཀྱི་དགེ་རྒན་ལས་བཟོ་བ་དང་སློབ་གྲོགས་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་ཡིན།

ཧའར་པིན་བཟོ་ལས་སློབ་ཆེན་ལ་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་ཏང་གི་འགོ་ཁྲིད་འོག སློབ་གྲྭས་བྱང་ཤར་ས་ཁུལ་དུ་གཞི་བཙུགས་པ་དང་། མེས་རྒྱལ་ལ་དགའ་ཞེན་དང་ལེགས་སྐྱེས་འབུལ་བ། དཀའ་སྤྱད་ལས་སྐྲུན་བཅས་བྱས་ནས་རྒྱལ་ཁབ་རིམ་པའི་རྩ་ཆེའི་འཕྲུལ་ཆས་སྐོར་ཞིག་བཟོ་སྐྲུན་དང་། ཕུལ་དུ་བྱུང་བའི་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་བྱས་ཏེ། ཏང་དང་མི་དམངས་ལ་བྱས་རྗེས་གལ་ཆེན་བཞག་ཡོད། ཧའར་པིན་བཟོ་ལས་སློབ་ཆེན་གྱིས་འགོ་འཛུགས་ས་གསར་པའི་སྟེང་། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ལ་རྩེ་གཅིག་ཏུ་དམིགས་པ། དཔེ་ཁྲིད་མི་སྐྱོང་དང་ཚན་ཞིབ་འགག་སྒྲོལ་སོགས་ཀྱི་ལས་དོན་ཁྲོད་རྒྱུན་ཆད་མེད་པར་སྒྱུར་བཅོས་གསར་གཏོད་དང་། འབད་འབུངས་ཡར་བརྩོན། ཕུལ་བྱུང་དོན་གཉེར་བཅས་བྱས་ཡོད། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྔར་ལས་ལྷག་པའི་སྒོ་ནས་ལེགས་སྐྱེས་གསར་བ་འབུལ་བའི་རེ་བ་ཡོད། །

ཞི་ཅིན་ཕིང་།  

  2020ལོའི་ཟླ6པའི་ཚེས7ཉིན། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།