མཚོ་སྔོན་ཞིང་ཆེན་གྱིས་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་བྱ་བའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི《དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་བྱ་བའི་འཆར་གཞིའི་རྩ་གནད་》ཀྱི་མཇུག་བསྡུ་བའི་ལོ་ཞིག་ཡིན། ཟླ6པའི་ཚེས4ཉིན་ཞིང་ཆེན་རྩ་གནད་གཞུང་ལས་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་བྱ་བའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ་རེད། ཀྲུང་གོའི་ཚན་རིག་མཐུན་ཚོགས་ཀྱི་ཚན་རྩལ་ཁྱབ་གདལ་པུའུ་ཡི་པུའུ་ཀྲང་གཞོན་པ་ཆན་ཡན་ཆེད་དམིགས་ཀྱིས་གདན་འདྲེན་ཞུས་ནས《དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་བྱ་བའི་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་དང་མ་འོངས་པའི་བསམ་གཞིགས་》ཞེས་པ་ཇི་ལྟར་ཁོང་དུ་ཆུད་པ་བྱ་རྒྱུ་བརྗོད་བྱ་གཙོ་བོར་བྱས་ཏེ། མཚོ་སྔོན་གྱི་ཞིང་ཆེན་རིམ་པའི་ཁོངས་གཏོགས་ལས་ཁུངས་སོ་སོ་དང་གྲོང་ཁྱེར་དང་ཁུལ་དང་རྫོང་སོ་སོའི་རྩ་གནད་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་མི་སྣར་མ་ལག་ལྡན་པའི་སྒོ་ནས་གསོ་སྦྱོང་བྱས།

ཆན་ཡན་གྱིས་དུས་ཡུན་རིང་པོར་ཚན་རྩལ་སློབ་གསོ་དང་ཚན་རིག་ཁྱབ་གདལ་གྱི་བྱ་བ་བསྒྲུབས་ཤིང་། མིག་སྔར་ཚན་རིག་བྱང་ཚད་བྱ་བའི་འཆར་གཞིའི་རྩ་གནད་ལག་བསྟར་བྱ་བར་སྐུལ་འདེད་གཏོང་བའི་འགན་འཁུར་ཡོད། ཉིན་དེར་ཆན་ཡན་གྱིས་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་བྱ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་། 《རྩ་གནད》ཀྱི་ནང་དོན་གཙོ་བོ་དང་ད་ལྟའི་འཕེལ་རྒྱས་ཀྱི་གནས་ཚུལ། སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཀྱི་ངོ་སྤྲོད་མདོར་བསྡུས། མིག་སྔའི་དུས་བབ་གསར་པ་དང་ལས་འགན་གསར་པ། བྱ་བའི་གཙོ་གནད་སོགས་ཕྱོགས་བཞི་ནས་ཚང་མར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ཁྲོད་ཀྱི་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་འཛུགས་སྐྱོང་གི་རིན་ཐང་གལ་ཆེན་རྒྱུད་རིམ་ལྡན་པའི་ངང་འཆད་ཁྲིད་གནང་བ་རེད། མཚོ་སྔོན་ཞིང་ཆེན་གྱི་《རྩ་གནད་》ཀྱི་བྱ་བའིལག་བསྟར་ལ་ཁ་ཕྱོགས་སྟོན་གསལ་སྟོན་བྱས་པ་མ་ཟད། བསམ་བློའི་ཁ་ཕྱོགས་གསལ་སྟོན་དང་། བྱེད་ཐབས་གསར་པ་སློབ་སྟོན་གནང་ནས། མ་ལག་རང་བཞིན་དང་། ནང་དོན་ཕུན་སུམ་ཚོགས་ལ་གསོན་ཉམས་དོད་པ། གཙོ་གནད་མངོན་གསལ་དོད་པོའི་སྙན་ཞུ་དང་གསལ་འགྲེེལ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱིས《རྩ་གནད》ལག་བསྟར་བྱ་བ་སྔར་ལས་ལྷག་པའི་སྒོ་ནས་མཛུབ་ཁྲིད་ཀྱི་དོན་སྙིང་དང་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ལྡན་ཡོད་པར་བརྗོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།