“མཚོ་སྔོན་བས་མཚོ་སྔོན་དུ་ཡུལ་སྐོར་བྱེད་པའི”ཡུལ་སྐོར་ཆེད་སྤྱོད་མེ་འཁོར་ཚེས6ཉིན་ནས་གཏོང་འགོ་འཛུགས་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་ཟླ་6ཚེས་6ཉིན་ནས་བཟུང“མཚོ་སྔོན་བས་མཚོ་སྔོན་དུ་ཡུལ་སྐོར་བྱེད་པའི”གཟའ་མཇུག་གི་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་གཏོང་འགོ་བཙུགས་ཏེ་མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་ལས་རིགས་གང་མགྱོགས་སླར་གསོ་ཐུབ་པར་བྱ་རྒྱུ་རེད།

རིག་གནས་ཡུལ་སྐོར་ལས་རིགས་གང་མགྱོགས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་འདི་ལོའི་ཟླ་3པར“མཚོ་སྔོན་བས་མཚོ་སྔོན་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་སྤེལ་བ་དང་། ཟླ་4པར“མཛེས་སྡུག་ལྡན་པའི་མཚོ་སྔོན། ཡུལ་སྐོར་གྱི་དག་ཞིང”—— མཚོ་སྔོན་བས་མཚོ་སྔོན་དུ་ཡུལ་སྐོར་བྱེད་པའི་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ། ཟླ་5པར“ཀྲུང་གོའི་ཡུལ་སྐོར་ཉིན་མོ”མཚོ་སྔོན་གྱི་ཚོགས་ར་གཙོ་བོའི་བྱེད་སྒོ་སྤེལ་བ། ཟླ་6པར“མཛེས་སྡུག་ལྡན་པའི་མཚོ་སྔོན། ཡུལ་སྐོར་གྱི་དག་ཞིང ——མཚོ་སྔོན་བས་མཚོ་སྔོན་དུ་ཡུལ་སྐོར་བྱེད་པའི”གཟའ་མཇུག་གི་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་གཏོང་འགོ་འཛུགས་རྒྱུ་རེད།

ཚེས་2ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་མཚོ་ནུབ་ཀྲོའུ་ཨུད་ཀྱི་རྒྱུན་ཨུ་དང་། ཀྲོའུ་ཀྲང་གཞོན་པ། མཚོ་སྐྱོར་བཀོད་འདོམས་པུའི་བཀོད་འདོམས་པ་བཅས་ཡིན་པའི་ཅང་ཝའེ་ཧྥང་དང་། མཚོ་ཤར་གྲོང་ཨུད་ཀྱི་རྒྱུན་ཨུ་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཧྲི་ཀྲང་གཞོན་པ་ལི་ཆིང་ཁྲོན་གཉིས་ཀྱིས་མཛེས་སྡུག་ལྡན་པའི་མཚོ་སྔོན། ཡུལ་སྐོར་གྱི་དག་ཞིང ——མཚོ་སྔོན་བས་མཚོ་སྔོན་དུ་ཡུལ་སྐོར་བྱེད་པའི་འབྲེལ་ཡོད་བྱེད་སྒོའི་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ལི་ཀང་གིས། ཟླ་6ཚེས་6ཉིན་ཆེད་སྤྱོད་མེ་འཁོར་གཏོང་བའི་མཛད་སྒོ་འཚོག་རྒྱུ་ཡིན་ཞིང་། ཆུ་ཚོད་7དང་སྐར་མ་43ཐོག་གྲོ་ཚང་བབས་ཚུགས་ནས་ཐོན་ཏེ་ཕིན་ཨན་བབས་ཚུགས་དང་ཟི་ལིང་བབས་ཚུགས་བརྒྱུད་དེ་ཉིན་གྱི་ཆུ་ཚོད་13དང་སྐར་མ་48ཐོག་མཐའ་མའི་བབས་ཚུགས་ཏེ་གཏེར་ལེན་ཁ་བབས་ཚུགས་སུ་འབྱོར་རྒྱུ་དང་། ཟླ་6ཚེས་7ཉིན་གྱི་ཆུ་ཚོད་7དང་སྐར་མ་30ཐོག་གཏེར་ལེན་ཁ་བབས་ཚུགས་ནས་ཐོན་ཏེ་ཆུ་ཚོད་9དང་སྐར་མ་54ཡི་ཐོག་ཚྭ་ཁ་བབས་ཚུགས་སྟེགས་བུར་འབྱོར་རྒྱུ་དང་དེ་ཉིན་གྱི་ཆུ་ཚོད་14དང་སྐར་མ་30ཡི་ཐོག་ཚྭ་ཁ་བབས་ཚུགས་སྟེགས་བུ་ནས་བསྐྱར་ལོག་བྱས་ཏེ་ཟི་ལིང་བབས་ཚུགས་དང་ཕིན་ཨན་བབས་ཚུགས་བརྒྱུད་ཆུ་ཚོད་19དང་སྐར་མ་53ཡི་ཐོག་མཐའ་མའི་བབས་ཚུགས་ཏེ་གྲོ་ཚང་བབས་ཚུགས་སུ་འབྱོར་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།