ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་བཞི་ཉིན། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ཁེ་ལས་དང་ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་གཉིས་ཀྱི་བརྗེ་རེས་བཞུགས་མོལ་ཚོགས་འདུ་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟི་རུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཐིན་ཅཱ་ཚེ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
ཐིན་ཅཱ་ཚེ་ཡིས་ནན་གྱིས་བསྟན་དོན། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ཁེ་ལས་དང་ཞིང་ཆེན་ཁོངས་གཏོགས་ཁེ་ལས་བར་གྱི་བརྗེ་རེས་མཉམ་འབྲེལ་ལ་ཤུགས་སྣོན་པ་དང་། ཀྲུང་དབྱང་ཁེ་ལས་ཀྱི་ཉམས་མྱོང་བྱེད་ཐབས་ལ་སློབ་སྦྱོང་དང་དཔེ་ལྟ་བྱེད་རྒྱུ་ནི། རྒྱལ་དབང་ཁེ་ལས་ཀྱིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན། ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱི་ཏང་ཨུ་དང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཚད་གཞིར་བཟུང་ནས། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། ཆབ་སྲིད་ཀྱི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་དགོས། ཏང་ཨུས་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་གཙོ་གཞི་འགན་འཁྲི་ལག་བསྟར་བྱེད་པའི་གཏན་ཁེལ་ལག་བསྟར་ནན་མོ་བྱེད་པ་དང་། འགན་འཁྲི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། འགན་འཁྲི་གསལ་ཁྲ་ཇེ་ཞིབ་ཏུ་གཏོང་བ། འགན་འཁྲི་ཁག་ཁུར་ཆེར་སྐྱེད་དེ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲི་གཉིས་ལག་བསྟར་ནན་མོ་བྱེད་དགོས། ལྟ་སྐུལ་མདུན་དུ་བསྐྱོད་པ་དང་། ཆབ་སྲིད་ཀྱི་ལྟ་སྐུལ་འབུར་དུ་ཐོན་པར་བྱེད་པ། ཉིན་རྒྱུན་གྱི་ལྟ་སྐུལ་ལ་དམ་འཛིན་བྱས་ནས། རང་འགུལ་གྱིས་གནད་དོན་འཚོལ་བ་དང་གནད་དོན་ཐག་གཅོད་པའི་ནུས་པ་མཐོར་འདེགས་གཏོང་དགོས། ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། འགོ་ཁྲིད་སྒྲིག་གཞི་དང་བྱ་བའི་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ལྟ་སྐུལ་སྒྲིག་སྤྱོད་ནན་མོ་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཆོག་པའི་རྐྱེན་སྲོལ་འཛུགས་སྐྲུན་བྱེད་དགོས། གཏན་འཇགས་དྲུག་དང་འགན་སྲུང་དྲུག་ལ་དམིགས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་ཇེ་དྲག་ཏུ་གཏོང་བ་དང་། ཞན་ཆ་ཁ་གསབ་བྱེད་པ། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་གྲུབ་འབྲས་དངོས་ལ་བརྟེན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ཆབ་སྲིད་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ཁེ་ལས་དང་ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་གཉིས་ཀྱི་བརྗེ་རེས་བཞུགས་མོལ་ཚོགས་འདུ་བསྡུས།