“འགན་ལེན་དྲུག”དམ་འཛིན་བྱས་ཏེ“བརྟན་བརླིང་དྲུག”ལ་སྐུལ་འདེད་བཏང་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བསྟུད་མར་ཉིན་འགའ་ལ་མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཁག་གིས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཤིང་། ལས་ཁུངས་ཁག་གིས་གཅིག་གྱུར་ཐོག་ངོས་འཛིན་བྱུང་བ་ནི། ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ནི་རང་རྒྱལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ་དེ་རྒྱལ་ཕམ་ཐག་གཅོད་ཀྱི་དུས་མཚམས་སུ་སླེབས་པའི་གལ་ཆེའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་ཞིག་དང་དམངས་གཙོ་མཐུན་སྒྲིལ་དང་བདེན་འཚོལ་ཡར་བརྩོན་གྱི་ཚོགས་ཆེན་ཞིག་དང་། དེ་ནི་མི་དམངས་ཀྱི་འདོད་བློ་མཚོན་པ་དང་། དུས་རབས་གསར་པའི་ངོས་འཛིན་གཅིག་མཐུན་གོང་བུར་བསྒྲིལ་ཏེ། མི་དམངས་དུང་ཕྱུར་མང་པོས་དམིགས་འབེན་གསར་པར་ཕྱོགས་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འབྱེད་པའི་ཚོགས་ཆེན་ཞིག་ཡིན་པས། ང་ཚོས་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་རིམ་དེ་ངོས་འཛིན་ཟབ་སྤེལ་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་རིམ་དུ་བསྒྱུར་ནས། བསམ་བློ་བཅིངས་འགྲོལ་དང་བློ་རྩ་བརྟན་པོས་གསར་གཏོད་བྱེད་རིམ་དུ་འགྱུར་བ་དང་། རིགས་ལམ་གསར་འབྱེད་དང་བར་བརྒལ་མཐོར་འདེགས་བྱེད་རིམ་དུ་འགྱུར་བར་བྱ་དགོས་པ་མ་ཟད། ཚོགས་འདུ་གཉིས་ཀྱི་དགོངས་དོན་མི་རྣམས་ཀྱིས་ཤེས་པ་དང་མི་སེམས་སུ་ཟུག་པར་བྱེད་དགོས་ལ། ཕྱོགས་སོ་སོའི་བློ་གྲོས་དང་སྟོབས་ཤུགས་ནི“འགན་ལེན་དྲུག”དང“བརྟན་བརླིང་དྲུག”དམ་འཛིན་ཡག་པོ་བྱེད་པའི་ཐོག་གཅིག་སྡུད་བྱས་ཏེ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

ལས་ཁུངས་ཁག་གིས་གཅིག་གྱུར་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་ཚོགས་ཆེན་གཉིས་འཚོག་རིང་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ནས། ཀྲུང་དབྱང་དང་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱིས་བཏོན་པའི་བཀོད་སྒྲིག་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་མཚོ་སྔོན་གྱི་ལས་དོན་ལ་བཏོན་པའི་དམིགས་བསལ་བླང་བྱར་གོ་བ་གཏིང་ཟབ་ལེན་དགོས། ཏང་སྲིད་ཀྱི་གཙོ་འགན་འཁུར་མཁན་དང་འགོ་ཁྲིད་ཚན་པ་སོགས་ཀྱི“གནད་འགག་ཉུང་ཤས”ཀྱི་སློབ་སྦྱོང་དམ་འཛིན་ནན་ཏན་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་དཀྱུས་མ་སོགས་ཀྱི“མང་ཆེ་བའི”དྲིལ་བསྒྲགས་བྱེད་པར་སྐུལ་འདེད་སྔར་ལས་གཏིང་ཟབ་གཏོང་བ་དང་། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས་ལ། རིམས་ནད་ལས་བྱུང་བའི་ཤུགས་རྐྱེན་ངན་པ་ཁྱད་བསད་མཐའ་གཅིག་ཏུ་བྱ་དགོས་པ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་ཐར་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས། “འདུ་ཤེས་བཞི”ཇེ་བརྟན་དུ་གཏོང་བ་དང་། “ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས། ཚོགས་འདུ་གཉིས་ཀྱི་བཀོད་སྒྲིག་གཞིར་བཟུང་ཞིང་ཆེན་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་ལས་དོན་ཁག་དེ་བས་གཏིང་ཟབ་དང་། དམ་འཛིན་དེ་བས་དམ་ཟབ། ལས་དོན་དེ་བས་ལེགས་པ་བཅས་བྱེད་དགོས།

ལས་ཁུངས་ཁག་གིས་གཅིག་གྱུར་ཐོག་བསྟན་དོན། ད་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུའི་ལོ་ཡིན་ལ། དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཞིག་ཀྱང་རེད། 《སྲིད་གཞུང་གི་ལས་དོན་སྙན་ཞུ》ཡི་ཐབས་ཇུས་དང་བཀོད་སྒྲིག་ཁག་ལག་བསྟར་ཡག་པོ་བྱེད་པར། ངེས་པར་དུ་མཚོ་སྔོན་གྱི་དམིགས་བསལ་ཞིང་ཆེན་གྱི་གནས་ཚུལ་དང་དམིགས་བསལ་འགན་འཁྲི་ཟུང་འབྲེལ་བྱེད་དགོས་ལ། “འཕོ་འགྱུར་བཞི”ལ་བརྟེན་ནས“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ལ། ལས་དོན་གྱི་གཙོ་གནད་དེ་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུ་དང་། ཤུགས་རྒྱག་ས་དེ་དངོས་གཞིའི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དང་། གཙོ་རྒོལ་ཁ་ཕྱོགས་དེ་མཁོ་སྤྲོད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་བཅས་ཀྱི་ཐོག་བཞག་ནས་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུ་དང་སྤུས་ཚད་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུ་དེ་ཕན་ཚུན་སྐུལ་འདེད་དང་མཉམ་དུ་ཡར་རྒྱས་ཡོང་རྒྱུར་འབད་བརྩོན་བྱེད་དགོས། དམིགས་འབེན་མི་འགྱུར་བ་དང་། ལས་ཀ་ལྷོད་དུ་མི་གཏོང་བ། ཤུགས་ཚད་ཆུང་དུ་མི་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ནས། བློ་བརྟན་འགྱུར་མེད་ངང་ལས་དོན་ཁག་དམ་འཛིན་ཡག་པོ་བྱས་ཏེ“ལེགས་པོ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བ་དང་། “དཔེ་སྟོན་ཞིང་ཆེན་ལྔ”གསར་གཏོད་བྱེད་པ། “དཔལ་འབྱོར་གྱི་རྣམ་པ་བཞི”སྐྱེད་སྲིང་བྱེད་པར་ཕན་འབྲས་གསར་པ་ཐོབ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། །

རྩོམ་སྒྲིག་པ། འབུམ་པ་རྒྱལ།

དཔྱད་མཆན 0 ཡོད།