ཆུ་དམར་ལེབ་རྫོང་གིས་འོད་ཤུགས་གློག་འདོན་ལ་བརྟེན་ནས་འབྱོར་ཕྱུག་གི་ལམ་དུ་སྐྱོད་པ།

1591232839378925.jpg

འོད་ཤུགས་གློག་ཁང་ནང་གི་འོད་ཤུགས་གློག་ལེབ།

1591232845777625.jpg

གློག་ཁང་གི་བཟོ་བཀོད་པས་གསར་འགོད་པར་གློག་ཁང་ནང་གི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གིས་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་ཁ་གཏད་རོགས་སྐྱོར་གྱི་གོ་སྐབས་དམ་འཛིན་བྱས་ཏེ། འོད་ཤུགས་དབུལ་སྐྱོར་དང་འོད་ཤུགས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་དང་དབུལ་ཐར་མཁྲེགས་གཏོར་ལ་རམ་འདེགས་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས།

འོད་ཤུགས་གློག་འདོན་ནི་དྭངས་གཙང་དང་། ཁོར་ཡུག་སྲུང་སྐྱོང་། བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་པ་ཞིག་ཡིན་པ་དང་། མ་དངུལ་འཇོག་ཐེངས་གཅིག་དང་ཡུན་རིང་ཕན་པ་ཐོབ་པ་སོགས་ཀྱི་དགེ་མཚན་མང་པོ་ལྡན་པ་མ་ཟད། རྒྱལ་ཁབ་ཀྱི་དྭངས་གཙང་ཐཱན་ཉུང་གི་ནུས་རྒྱུ་འཕེལ་རྒྱས་ཀྱི་འཐབ་ཇུས་དང་མཐུན་པ་མ་ཟད། དབུལ་ཕོངས་མང་ཚོགས་ལ་དུས་ཚོད་ཡུན་རིང་པོར་ཡོང་འབབ་བདེ་ལེགས་ངང་ཐོབ་པར་ཕན་ཐོགས་ཡོད། རྒྱུས་ལོན་པ་ལྟར་ན། ཆུ་དམར་ལེབ་རྫོང་གི་སྡེ་བ་རིམ་པའི་འོད་ཤུགས་དབུལ་སྐྱོར་གློག་ཁང2019ལོའི་ཟླ་6པ་ནས་ད་ལྟའི་བར་བེད་སྤྱོད་གཏོང་འགོ་ཚུགས་པ་དང་ཉིན་རེར་ཆ་སྙོམས་ཀྱིས་གློག་གཏོང་ཆུ་ཚོད་རེར་ཆན་ཝ་ཁྲི་12དང་། ད་ལོའི་ཟླ4པའི་བར་གློག་ཁང་གི་གློག་ཤུགས་བསྡོམས་པས་ཆུ་ཚོད་རེར་ཆན་ཝ་ཁྲི3072.125བཅས་ཟིན་ལ། སྔོན་དཔག་བྱས་པ་ལྟར་ན་ལོ་རེའི་ཡོང་འབབ་སྒོར་ཁྲི་3000སླེབས་ངེས། གློག་གཏོང་ཡོང་འབབ་ཀྱིས་ཆུ་དམར་ལེབ་རྫོང་གི་སྡེ་བའི་དབུལ་པོའི་མཉམ་སྡེབ་དང་དུད་ཚང་དབུལ་པོར་ཕན་པ་ཐོབ་པ་དང་སྡེ་བའི་དབུལ་པོའི་དབུལ་ཐར་གྲུབ་འབྲས་སྲ་བརྟན་དང་ཞིང་སྡེའི་དར་རྒྱས་ལ་ཕན་པ་མི་ཉུང་བ་ཐོབ་པའི་དུས་མཚུངས་སུ་སྐྱེ་ཁམས་ཁོར་ཡུག་ལ་ལེགས་བཅོས་ཆེན་པོ་ཐོབ།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།