ཀྲའོ་ཀའོ་ཚུན་གྱིས་ཏུང་ཅིང་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ལ་གྲ་སྒྲིག་བྱེད་བཞིན་ཡོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ5བའི་ཚེས29ཉིན།  མཚོ་སྔོན་ཞིང་ཆེན་གྱི་དབང་བོ་སྐྱོན་ཅན་ལུས་རྩལ་པ་ཀྲའོ་ཀའོ་ཚུན་རྒྱལ་ཁབ་རུ་ཁག་གི་གཅིག་སྡུད་སྦྱོང་བརྡར་ནང་ཞུགས་ནས།  2021ལོའི་ཏུང་ཅིང་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ལ་གྲ་སྒྲིག་བྱས་པ་རེད།

2014ལོ་ནས2019ལོའི་བར།  ཀྲའོ་ཀའོ་ཚུན་སྔ་རྗེས་སུ་རྒྱལ་ཡོངས་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་དང་།  མཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་སོགས་རྒྱལ་ཡོངས་རང་བཞིན་གྱི་འགྲན་བསྡུར་ཐེངས5ལ་ཞུགས་པ་དང།   བསྡོམས་པོས་སྐྱེས་པའིT46རིམ་པའི་སྨི1500དང་།   སྨི5000དང་།   མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་རྣམ་གྲངས་ཀྱི་དངུལ་གྱི་རྟགས་མ5དང་།  ཟངས་ཀྱི་རྟགས་མ3དང་།  ཞིང་ཆེན་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་མཆོང་རྒྱུག་འཕེན་གསུམ་གྱི་རྣམ་གྲངས་འགྲན་བསྡུར་གྱི་ཨང་དང་པོ8ཐོབ་པ་རེད།  2020ལོའི་ཟླ3པར་རྒྱལ་ཁབ་རུ་ཁག་གིས་བདམས་ཐོན་བྱུང་ནས་ཏུང་ཅིང་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པ་ཞིག་ཏུ་གྱུར་ཡོད།

ཏུང་ཅིང་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས2021ལོའི་ཟླ8པར་འཇར་པན་དུ་སྤེལ་རྒྱུ་ཡིན་པ་དང་།  རང་རྒྱལ་གྱི་ལུས་རྩལ་པ་མཆོང་རྒྱུག་འཕེན་གསུམ་དང་།  ཕིང་ཕང་སྤོ་ལོ།  བྱ་སྒྲོའི་སྤོ་ལོ།  རྐང་འཁོར།  ལོང་བའི་རྐང་རྩེད་སྤོ་ལོ་སོགས་རྣམ་གྲངས་ཀྱི་འགྲན་བསྡུར་ནང་ཞུགས་རྒྱུ་རེད།  ད་ཐེངས་ཀྱི་རྒྱལ་ཁབ་རུ་ཁག་གི་མཆོང་རྒྱུག་འཕེན་གསུམ་གྱི་རྣམ་གྲངས་གཅིག་སྡུད་སྦྱོང་བརྡར་གྱི་ལས་འགན་ནི་ལེའོ་ཉིང་ཞིང་ཆེན་དབང་པོ་སྐྱོན་ཅན་ཞབས་ཞུ་ལྟེ་གནས་ཀྱིས་འགན་ལེན་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།