མཚོ་ནུབ་ཁུལ་དཔེ་མཛོད་ཁང“རྒྱལ་ཡོངས་ཀྱི་ཁྱིམ་ཚང་གི་ཕ་བུའི་དཔེ་ཀློག་ཉམས་ལེན་རྟེན་གཞི”སྐོར་གཉིས་པའི་ནང་བདམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་དཔེ་མཛོད་ཁང“རྒྱལ་ཡོངས་ཀྱི་ཁྱིམ་ཚང་གི་ཕ་བུའི་དཔེ་ཀློག་ཉམས་ལེན་རྟེན་གཞི”སྐོར་གཉིས་པའི་ནང་བདེ་བླག་ངང་བདམས་པ་རེད།  རྒྱལ་ཡོངས་ཀྱི་ལས་ཁུངས་དང་སྒྲིག་གཞི100ལ་གཟི་བརྗིད་མཚན་སྙན་ཐོབ་པ་དང་།  མཚོ་ནུབ་ཁུལ་ཐོག་མར་བདམས་ཐོན་བྱུང་བ་རེད།

ཉེ་བའི་ལོ་ཤས་རིང་།  ན་ཆུང་བྱིས་པའི་དཔེ་ཀློག་གི་གོམས་གཤིས་བཟང་པོ་གསོ་སྐྱོང་བྱས་ཏེ།   བྱིས་པའི་ལྟ་ཀློག་བྱེད་ནུས་གསར་སྤེལ་བྱས་ནས་བྱིས་པའི་བསམ་པའི་བཀོད་ཤུགས་དང་གསར་གཏོད་བྱེད་ནུས་སྐུལ་སྤེལ་དང་།  ཁྱིམ་ཚང་གི་ཕ་མ་དང་བུ་ཕྲུག་གི་དཔེ་ཀློག་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་ཆེད།  མཚོ་ནུབ་ཁུལ་དཔེ་མཛོད་ཁང་གིས་ཞིབ་ཚགས་ཀྱི་སྒོ་ནས་ཕ་མ་དང་བུ་ཕྲུག་གི་དཔེ་ཀློག་བྱ་ཡུལ་བསྐྲུན་པ་དང་།    ཕ་མའི་དཔེ་ཀློག་དང་།  ཁྱིམ་ཚང་གི་དཔེ་ཀློག  ལག་ཤེས་བཟོ་སྐྲུན།  སྒྲུང་འབྲི་འཁྲབ་སྟོན།  དཔེ་ཀློག་མཉམ་སྤྱོད་ཚོགས་འདུ།  ཕ་བུའི“དབྱར་གསེང”སོགས་ཀྱི་བྱེད་ཐབས་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་ཕ་མ་དང་བུ་ཕྲུག་གི་དཔེ་ཀློག་བྱེད་སྒོ་སྤེལ་ནས།  ལངས་གཟུགས་སྣ་མང་དང་ཚོགས་སྤྱི་མི་འདྲ་བའི་དགོས་མཁོ་སྐོང་བའི་ཕ་མ་དང་བུ་ཕྲུག་གི་དཔེ་ཀློག་མ་ལག་བཙུགས་སྟེ།  ཕ་བུའི་དཔེ་ཀློག་དར་སྲོལ་འདོན་སྤེལ་དང་།  ཕ་བུའི་དཔེ་ཀློག་གསོ་སྦྱོང་།  ཕ་བུའི་དཔེ་ཀློག་མཛུབ་ཁྲིད་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད།  

ཁྱིམ་ཚང་གི་ཕ་བུའི་དཔེ་ཀློག་ཉམས་ལེན་རྟེན་གཞི་བཙུགས་པ་དེས་དྲ་ཐོག་ནས་ཕ་བུའི་དཔེ་ཀློག་མཛུབ་ཁྲིད་ཀྱི་ཞབས་ཞུའི་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་ནས།  ཕ་བུའི་དཔེ་ཀློག་བྱེད་སྒོ་དེ་བས་ལེགས་པའི་སྒོ་ནས་སྤེལ་བ་དང་།  ཁྱིམ་ཚང་གི་སློབ་གསོའི་ཚན་རིག་འདུ་ཤེས་ཁྱབ་སྤེལ་གཏོང་བ།  ཁུལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་དག་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་ཞིག་བཏོད་ཡོད་པ་རེད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།