མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱི་ནག་འཇོམས་ངན་སེལ་གྱི"གཙང་སེལ་དྲུག"གི་བྱ་སྤྱོད་ལ་ཕན་འབྲས་དངོས་ཐོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ད་ལོའི་ཚུན་དུ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས“གཙང་སེལ་དྲུག”གི་བྱ་སྤྱོད་གཏིང་ཟབ་སྤེལ་ནས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཀྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་བཏང་ཡོད། བྱ་སྤྱོད་སྤེལ་ཚུན་ནས་ཟླ5ཚེས20ཉིན་བར། དཀའ་གནད་དང་རྙོག་འཛིང་ཆེ་བའི་ཁུངས་སྣེ་ཁག་ཅིག་བདེ་བླག་ངང་བསྒྲུབས་ཟིན་པ་དང་། ནག་སྤྱོད་གྱོད་གཞི་ཁག་ཅིག་འགག་སྒྲོལ་བྱུང་ཡོད། ཞིང་ཆེན་ཡོངས་སུ་འཛིན་བཟུང་ལྟ་སྐུལ་བྱ་ཡུལ་གྱིི་བྲོས་བྱོལ་མི་སྣ9ལས་འབྱོར་ཟིན་པའི་མི་གྲངས6ཡོད་པ་རེད། དེའི་ནང་གི་མི1ནི་སྤྱི་བདེ་པུསAརིམ་པའི་འཛིན་བཟུང་བཀའ་རྒྱ་བཏང་ནས་བྲོས་བྱོལ་དུ་སོང་བའི་ཉེས་ཅན་ཡིན་ལ། གྱོད་གཞི་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་ཁྱོན་བསྡོམས་སྒོར་དུང་ཕྱུར5.2ལ་སྒོ་ཐེལ་དང་། བཙན་ཉར། བཀག་འཇོག་བཅས་བྱས་ཡོད།

ཞིང་ཆེན་སྤྱི་བདེ་ཐིན་གྱིས《མཚོ་སྔོན་ཞིང་ཆེན་གྱི་ནག་འཇོམས་ངན་སེལ་གྱི“གཙང་སེལ་དྲུག”གི་ལག་བསྟར་ཇུས་གཞི》བཟོས་ནས། ལས་འགན་ལས་བགོས་བྱས་ཏེ་བྱེ་བྲག་ཏུ་ཁུངས་སྣེ་རེ་རེ་དང་། གྱོད་དོན་རེ་རེ། འགན་འཁྲི་འཁུར་མཁན་རེ་རེ་བཅས། འགག་སྒྲོལ་བྱེད་ཐབས་ཞིབ་ཕྲ་བཟོས་པ་དང་། ལས་འགན་གསལ་ཐོ་དང་འགན་འཁྲི་གསལ་ཐོ་རིགས་དབྱེ་ནས་བཟོས། འགན་འཁྲིའི་འགོ་ཁྲིད་དང་། འགན་འཁྲིའི་སྡེ་ཚན། འགག་སྒྲོལ་བྱ་ཐབས་བཅས་རེ་རེ་བཞིན་ཁ་གསལ་བཟོས་པ་དང་། དུས་ཚོད་རེའུ་མིག་ལེགས་གྲུབ་དང་ལས་འགན་སྐུལ་སྤེལ་གྱི་ལམ་རིས་གཏན་འཁེལ་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་གྱོད་དོན་ཚབས་ཆེན་གྱི་སྒོ་བྱང་བཀལ་ནས་སྐུལ་སྒྲུབ་ལམ་ལུགས་དངོས་འབེབས་ནན་མོ་བྱས། གསང་འཕྲིན་གྱིས་གནད་སྨིན་རྡུང་རྡེག་དང་མཉམ་འདྲེས་དམག་འཐབ་ལ་སྣེ་ཁྲིད་བྱ་རྒྱུ་དུས་གཅིག་ཏུ་སྤེལ་རྒྱུ་མཐའ་འཁྱོངས་བྱས་ནས་གྱོད་འབྲེལ་མི་སྣ་འཛིན་བཟུང་བྱ་རྒྱུ་དང་གྱོད་འབྲེལ་རྒྱུ་ནོར་གཙང་བཤེར་བྱ་རྒྱུ་དུས་གཅིག་ཏུ་སྤེལ་བ་དང་། ཉེས་གསོག་ཁུངས་སྣེ་སྔོག་འདོན་གཏིང་ཟབ་དང་ཁེ་ཕན་གྱི་འབྲེལ་ཐག་སྔོག་འདོན་གཏིང་ཟབ་བྱས་ནས་མཉམ་དུ་ཤུགས་རྒྱག་པའི་ལས་ཀའི་རྩ་དོན་ལྟར། སོ་འདེབས་དཀའ་བའི་གྱོད་གཞི་ཁག་གཅིག་གི་ཚད་བརྒལ་ཧུར་ཐག་བྱུང་ཡོད། ནག་ཚོགས་དང་འབྲེལ་བའི་ཉེས་གསོག་དོགས་ཅན་ཁག་གཅིག་གི་ཆ་འཕྲིན་སྤྱི་ཚོགས་ལ་གཅིག་སྡུད་ཐོག་ཡོངས་བསྒྲགས་བྱས་ཏེ། བཅའ་ཁྲིམས་དང་སྲིད་ཇུས་དྲིལ་བསྒྲགས་དང་། སློབ་གསོའི་ཁ་ཏ་བསླབ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་རང་ཉེས་ངོས་ལེན་ཞུ་བར་སྐུལ་མ་བཏང་ཡོད།

དུས་མཚུངས་སུ། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ལས་རིགས་ཆེན་པོ11གི་ཁྱབ་ཁོངས་ཀྱི་ནག་གཤེད་དང་འབྲེལ་བའི་མངོན་གསལ་དོད་པའི་གནད་དོན་དང“གདུགས་རྡུང་ཁྲག་གཅོད”ཀྱི་ལས་དོན་ལ་ཐད་ཀར་དམིགས་ཏེ་རྡུང་རྡེག་དང་བཅོས་སྒྲིག་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ། རྩ་ལག་མཉམ་བཅོས་དང་ངན་རིགས་གཙང་སེལ། གྲོང་ཁྱེར་དང་ཁུལ་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་ས་གནས་དེ་གའི་སྤྱི་ཚོགས་བདེ་འཇགས་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས། ནག་འཇོམས་ངན་སེལ་གྱི“གཙང་སེལ་དྲུག་”གི་བྱ་སྤྱོད་དང་སྤྱི་ཚོགས་བདེ་འཇགས་ཀྱི་ཟིང་ཆ་བཅོས་སྐྱོང་སོགས་ཀྱི་ལས་དོན་ཟུང་འབྲེལ་བྱས་ཏེ། སོ་སོར་གཙོ་གནད་མི་འདྲ་བའི་ཆེད་དོན་རྡུང་རྡེག་དང་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ་དང་། མཚོ་སྔོན་གྱི་སྤྱི་ཚོགས་བདེ་འཇགས་ཁྱོན་ཡོངས་བརྟན་འཇགས་ཡོང་བར་ཁག་ཐེག་ནུས་ལྡན་བྱས། །

རྩོམ་སྒྲིག་པ། འབུམ་པ་རྒྱལ།

དཔྱད་མཆན 0 ཡོད།