མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་བསྐྱེད་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས31ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་།མཚོ་སྔོན་གྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་མཛད།

གྲོས་ཚོགས་སྟེང་། རྒྱལ་ཡོངས་ཀྱི་གྲོས་ཚོགས་གཉིས་རྒྱལ་ཁའི་ངང་འཚོགས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེའི་གཟི་བརྗིད་ཡང་དག་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་སླར་ཡང་མངོན་པར་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་གཉིས་འཚོག་རིང་གསུང་བཤད་གལ་ཆེན་གནང་ནས་འཛམ་གླིང་དང་རྒྱལ་ཁབ་ཀྱི་གནས་ཚུལ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་བྱེད་པར་ཕྱོགས་སྟོན་གསལ་པོར་གནང་ཡོད་པས། མཚོ་སྔོན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་བསམ་སྦྱོར་གཅིག་གྱུར་ཡོང་བར་བྱེད་དགོས། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”བརྟན་པོར་འཛུགས་པ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། གྲོས་ཚོགས་གཉིས་ཀྱི་བཀོད་སྒྲིག་གཞིར་བཟུང་ནས་ཞིང་ཆེན་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་གྱིས་ལས་དོན་ཁག་སྔར་བས་གཏིང་ཟབ་དང་། སྔར་བས་དམ་པོར་འཛིན་པ། སྔར་བས་ལེགས་པོར་བསྒྲུབ་པ་བཅས་བྱེད་དགོས་པར་བསྟན།

གྲོས་ཚོགས་ཐོག་བསྟན་དོན། རྒྱལ་ཡོངས་ཀྱི་གྲོས་ཚོགས་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ཡག་པོ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་སྙིང་པོ་ཁོང་དུ་ཡང་དག་པར་ཆུད་པར་བྱས་ཏེ། སློབ་སྦྱོང་དང་། ཤེས་རྟོགས། ཁོང་དུ་ཆུད་པ། ཏན་ཏིག་སྒྲུབ་པ་བཅས་ཀྱི་ཐད་མུ་མཐུད་དུ་ཤུགས་བསྣན་ནས། སེམས་སུ་འཇགས་པ་དང་སྦྱོར་བར་བསྟར་དགོས་ཤིང་། གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་མཚོ་སྔོན་གྱི་སྲིད་འཛིན་བཅོས་སྐྱོང་བྱེད་པའི་བརྒྱུད་རིམ་ཡོངས་ཀྱི་ཕྱོགས་སོ་སོར་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་རིམ་པའི་འགོ་ཁྲིད་ལས་བྱེད་པས་ལས་བགོས་འགན་གཉེར་གྱི་ལས་དོན་དངོས་དང་སྦྲེལ་ཏེ་སྔོན་ལ་སློབ་སྦྱོང་བྱེད་དགོས་ལ། གོང་གིས་འོག་ལ་སྣེ་ཁྲིད་ནས་ལོ་འགོར་ཞིང་ཆེན་གྱི་གྲོས་ཚོགས་གཉིས་ཀྱི་བཀོད་སྒྲིག་དང་ཟུང་འབྲེལ་གྱིས་ལས་དོན་སྙན་ཞུ་ཁག་ནང་གཏན་འཁེལ་གནང་བའི་ལས་འགན་སྣེ་ཁྲིད་དོན་འཁྱོལ་ཡག་པོ་བྱེད་དགོས། བློ་མཐུན་ཁྲེན་ཞི་ཡིས་མཚོ་སྔོན་འཐུས་མི་ཚོགས་པར་གསུང་བཤད་གནང་བའི་བླང་བྱ་ལྟར། འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ། དཀའ་སྤྱད་སྙིང་རུས་ཀྱིས་ལས་དོན་སྒྲུབ་པ། སྤྱོད་ཚུལ་བཟང་པོར་བརྟེན་ནས་དོན་འཁྱོལ་དམ་འཛིན་བཅས་བྱེད་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་དམངས་དོན་ཁྲིམས་གཞུང་དང་ཞང་ཀང་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་བདེ་འཇགས་སྐོར་གྱི་ཁྲིམས་འཛུགས་ཆོད་དོན་སློབ་སྦྱོང་དང་། བརྩི་སྲུང་། སྲུང་སྐྱོང་བཅས་བྱེད་པའི་མིག་དཔེ་བྱེད་པ། སྤྱི་ཚོགས་ཡོངས་ཀྱིས་སེམས་གཏིང་ནས་ཁྲིམས་བརྩི་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱེད་པར་ཁྲིད་སྟོན་དང་སྐུལ་ཁྲིད་བྱས་ཏེ། རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ལ་རོགས་རམ་བྱས་ནས་རྙོག་དྲ་མི་བཟོ་བ་བྱེད་དགོས། རང་ཞིང་གི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་རྣམས་གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་མང་ཙམ་སྐྱོད་པ་དང་། ཚོགས་འདུར་ཞུགས་པའི་མྱོང་ཚོར་དངོས་དང་ཟུང་འབྲེལ་བྱས་ཏེ། ཚོགས་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་ཡག་པོ་བྱེད་དགོས། གསར་འགྱུར་སྨྱན་སྦྱོར་གྱིས་དྲིལ་སྒྲོག་སྤེལ་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མར་རྒྱལ་ཡོངས་གྲོས་ཚོགས་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་ཚ་རླབས་ཤིག་འཕྱུར་བར་བྱེད་དགོས་ཞེས་བསྟན། 

གྲོས་ཚོགས་ཐོག་ནན་གསུང་གནང་དོན། རྒྱལ་ཡོངས་གྲོས་ཚོགས་གཉིས་ཀྱི་དགོངས་དོན་བེད་སྤྱོད་ཡག་པོ་བྱེད་དགོས། ད་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུའི་ལོ་ཡིན་པར་མ་ཟད། དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཞིག་ཀྱང་རེད། ཇི་ལྟར་དམིགས་ཚད་དང་ཉེ་བར་བཅར་བ་དང་། དུས་བབ་ཛ་དྲག་ཆེ་བ། ལས་འགན་དཀའ་ཚེགས་ཆེ་ན་ང་ཚོས་དེ་ལྟར་ངེས་ཤུགས་རྒྱུན་འཁྱོངས་དང་། དམ་པ་དོན་གཉེར། འགག་སྒྲོལ་དཀའ་སེལ་བཅས་བྱེད་དགོས། “འགན་སྲུང”གི་གཞི་ཐིག་དམ་སྲུང་བྱེད་དགོས། གྲོང་མིའི་ལས་ཞུགས་དང་། གཞི་རྩའི་དམངས་འཚོ། ཚོང་རའི་གྲུབ་ཆ་གཙོ་བོ། འབྲུ་རིགས་ནུས་ཁུངས་བདེ་འཇགས། ཐོན་ལས་མུ་འབྲེལ་མཁོ་སྤྲོད་སྦྲེལ་ཐག་བརྟན་པ། གཞི་རིམ་འཁོར་སྐྱོད་བཅས་འགན་སྲུང་བྱས་ཏེ། མིག་སྔའི་མངོན་གསལ་དོད་པའི་འགལ་བ་དང་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་དམིགས་ནས། བརྟན་ལྷིང་ལ་སྐུལ་འདེད་འགན་སྲུང་སྒོས་སྔོ་ལྗང་གི་རི་ལུང་སྲུང་བ་དང་མ་འོངས་པར་རྒྱལ་ཁ་ལེན་པར་ཆ་རྐྱེན་བསྐྲུན་དགོས། “བརྟན་བརླིང”གི་རྨང་གཞི་བརྟན་པོ་འདིང་དགོས། ལས་ཞུགསདང་། དངུལ་རྩ། ཕྱི་ཕྱོགས་ཉོ་ཚོང་། ཕྱི་རྒྱལ་གྱི་མ་དངུལ། མ་འཇོག སྔོན་དཔག་བཅས་བརྟན་བརླིང་ཡོང་བར་བྱས་ཏེ། རིམས་ནད་འགོག་སྡོམ་གནས་བབ་བརྟན་པོར་བཟོ་པའི་རྨང་གཞིའི་ཐོག དཔལ་འབྱོར་གྱི་གཞི་རྩའི་ཕྱོགས་སོ་སོ་བརྟན་པོར་གཏོང་དགོས་ལ། བརྟན་ཐོག་ཡར་འཕེལ་དང་། ཉེན་ཁའི་ཁྲོད་ནས་གོ་སྐབས་གསར་པ་བསྐྲུན་ནས། གནས་བབ་ཀྱི་འགྱུར་ལྡོག་ལས་རྣམ་པ་གསར་པ་གཏོད་དགོས། “ཡར་རྒྱས”ཀྱི་རྣམ་པ་རྒྱ་བསྐྱེད་དགོས། ཕྱོགས་ཡོངས་ནས་རྩོད་སྒྲུབ་དང་རྒྱང་རིང་གི་མིག་རྒྱང་ལ་བརྟེན་ནས་མིག་སྔའི་དཔལ་འབྱོར་གནས་བབ་དང་འཕེལ་ཕྱོགས་ལ་དབྱེ་ཞིབ་བྱས་ཏེ། འགྲོས་ཚད་དམ་འཛིན་ཁོང་དུ་ཆུད་པ་དང་། ཧུར་བརྩོན་རང་འགུལ་གྱིས་བྱས་རྗེས་འཇོག་པ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས། རྒྱལ་ཡོངས་སུ“བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང་། “འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱ་ཆེད་མཚོ་སྔོན་གྱིས་ལེགས་སྐྱེས་འབུལ་དགོས།

གྲོས་ཚོགས་ཐོག་ཏུ། རྒྱལ་ཡོངས་གྲོས་ཚོགས་གཉིས་ཀྱི་དགོངས་དོན་དོན་འཁྱོལ་ཡག་པོ་བྱེད་དགོས་པ་སྟེ། དུས་ཚོད་དམ་འཛིན་བྱས་ནས། གཟའ་འཁོར་རེས་ཟླ་ཕྱེད། ཟླ་ཕྱེད་ཀྱིས་ཟླ་གཅིག ཟླ་གཅིག་གིས་དུས་ཚིགས་རེ། དུས་ཚིགས་རེས་ལོ་གཅིག་བཅས་ལ་རིམ་བཞིན་ཁག་ཐེག་བྱས་ཏེ། ད་ལོའི་དམིགས་འབེན་དང་ལས་འགན་ལེགས་འགྲུབ་ཡོང་བར་ཁག་ཐེག་ཏན་ཏིག་དང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས“གཉིས་ཕན”ཡོང་བར་བྱས་ནས། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པར་ཁག་ཐེག་ཏན་ཏིག་བྱེད་དགོས། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་གྱི་རྒྱུད་སྐུད་དམ་པོར་བཟུང་སྟེ། ལྷོད་གཡེང་གི་བསམ་བློ་དང་བག་ཡངས་ཀྱི་རྣམ་འགྱུར་ཁྱད་གསོད་མཐའ་གཅིག་ཏུ་བྱས་ཏེ། རིམས་ནད་འགོག་སྡོམ་གྱི་ལས་དོན་ཐོག་མཐའ་བར་གསུམ་དུ་ཡག་པོ་སྒྲུབ་དགོས། ཁྱོན་ཡོངས་ཀྱི་འབྱོར་འབྲིང་དང་བསྡུར་ནས་ཧེ་བག་འཚོལ་བ་དང་།  ཆད་པ་སྐོང་བ། སྐྱོན་ཆ་སེལ་བ། ཞན་ཆ་གསབ་པ་བཅས་བྱས་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་མང་ཚོགས་ཀྱིས་ཁས་ལེན་ཐུབ་པར་ཁག་ཐེག་བྱེད་པ་དང་། ནམ་མཁའ་གཡའ་དག་ཅིང་། ས་གཞི་རྡུལ་དག་པ། ཆུ་མོ་དྭངས་ཤིང་གཙང་བར་སྲུང་སྐྱོང་བྱེད་པའི་དམག་འཐབ་ལ་མང་ཚོགས་བློ་ཡིད་ཚིམ་པོ་ཡོང་བར་བྱེད་པ། མ་ལག་རང་བཞིན་གྱི་ཉེན་ཁའི་མཐའ་ཚད་མི་མངོན་པ་བྱས་ནས་མང་ཚོགས་བློ་བདེ་པོ་ཡོང་བར་བྱེད་དགོས། “ལོ་ལྔ་ཚན་བཅུ་གསུམ་པའི”མཇུག་བསྡུ་བ་དང“ལོ་ལྔ་ཚན་བཅུ་བཞི་པའི”འགོ་རྩོམ་པར་དམིགས་ནས། གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “གསར་པ་གཉིས་དང་གལ་ཆེན་གཅིག”སོགས་ཀྱི་བཀོད་སྒྲིག་གལ་ཆེན་དང་བསྡུར་ནས་སྲིད་ཇུས་འཚོལ་བ། གོ་སྐབས་འཚོལ་བ། ལན་འདེབས་པ་བཅས་བྱས་ཏེ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་འཆར་གཞི་ལེགས་པོ་འགོད་དགོས། ལོ་འགོར་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་གཞིར་བཟུང་སྟེ་ལྷོད་གཡེང་མེད་པར་མདུན་དུ་བསྐྱོད་པ་དང་། འོས་འགན་ལྟར་དོན་འཁྱོལ་དམ་འཛིན་དང་། སླེབས་སྲིད་པའི་ཚད་གཞི་མཐོ་ཤོས་ཀྱིས་ཉིན་རེར་དམ་འཛིན་བྱས་ནས་བྱ་བ་རེ་རེ་ལེགས་པོར་བསྒྲུབས་ཏེ་མི་དམངས་ལ་ཁས་བླངས་པའི་ལས་དོན་རྣམས་ཧུར་བརྩོན་ཆེན་པོས་བསྒྲུབ་དགོས། འཚོ་བ་ནན་ཏན་གྱིས་སྐྱེལ་བའི་བསམ་བློ་དངོས་སུ་འཛུགས་པ་དང་། འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པ་ནས་འགོ་བཙུགས་ཏེ། བསམ་བློའི་ཐོག་ནས་དཀའ་སྤྱད་འབད་བརྩོན། ལས་དོན་ཐོག་བདེན་འཚོལ་དོན་གཉེར་བྱེད་པ། གྲོན་ཆུང་ནན་ཏན་དང་། ཞིབ་རྩིས་ཞིབ་ཕྲ་རྒྱག་རྒྱུ་དེ་བསམ་བློའི་རང་རྟོགས་དང་བྱ་སྤྱོད་རང་རྟོགས་སུ་འགྱུར་བར་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།