ཟླ6པའི་ཚེས1ཉིན་ནས་བཟུང་ཟི་ལིང་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་ཡོངས་ནས་སྐད་འཕྲིན་གཏོང་སྤྲོད་སྤྱད་དེ་རླངས་འཁོར་དུ་བསྡད་ཆོག་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  སྒུལ་བདེའི་གཏོང་སྤྲོད་སྔར་བས་ཁྱབ་གདལ་དུ་ཕྱིན་པ་དང་བསྟུན་ནས་སྒུལ་བདེའི་གཏོང་སྤྲོད་ཀྱི་བཀོལ་སྤྱོད་རྣམ་པའང་སྔར་བས་རྒྱ་ཆེར་ཕྱིན་ཡོད།  ཉེ་ཆར་ཟི་ལིང་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་ཚོགས་པ་དང་ཐེང་ཞུན་འཁོར་སྡོད་ཨང་རིས་གཉིས་མཉམ་འབྲེལ་བྱས་ཏེ།  སྒུལ་བདེའི་ཕྱིར་སྐྱོད་ཞབས་ཞུའི་ལས་དོན་སྤེལ་ནས་སྐད་འཕྲིན་གྱི་ཨང་བཤེར་གཏོང་སྤྲོད་སྤྱད་དེ་སྤྱི་སྤྱོད་རླངས་འཁོར་ནང་བསྡད་ཆོག་པ་རེད།  ཟླ6པའི་ཚེས1ཉིན་ནས་བཟུང་།  ཐེང་ཞུན་འཁོར་སྡོད་ཨང་རིས་དེ་ཟི་ལིང་གི་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་ཡོངས་ནས་སྤྱོད་འགོ་ཚུགས་རྒྱུ་ཡིན་པ་དང་།  རྗེས་ཕྱོགས་ཟི་ལིང་གི་གྲོང་མི་ཚོ་སྤྱི་སྤྱོད་རླངས་འཁོར་ནང་འདུག་ན་དངུལ་འབྲེལ་མྱུར་སྤྲོད་དང་།  གཏོང་སྤྲོད་ནོར་མཛོད་སྤྱད་ཆོག་པ་མ་ཟད།  སྐད་འཕྲིན་གྱི་གཏོང་སྤྲོད་སྤྱད་དེ་རླངས་འཁོར་ནང་བསྡད་ཆོག་པས།  དངུལ་སིལ་མ་འཚོལ་བའི་དཀའ་ངལ་མེད་པ་མ་ཟད་བདེ་འཇགས་དང་སྟབས་བདེ་ཡང་ཡིན།

ཤེས་རྟོགས་བྱུང་བར་གཞིགས་ན།  འཁོར་སྡོད་ཨང་རིས་དེ་ནི་ཐེང་ཞུན་ཀུང་སིས་སྐད་འཕྲིན་གྱི་གོ་རིམ་ཆུང་བར་བརྟེན་ནས་གསར་སྤེལ་བྱས་པའི་རྩ་གཉིས་ཨང་རྟགས་ལ་གཞིགས་ནས་རླངས་འཁོར་ལ་བསྡད་ཆོག་པའི་དངུལ་སྤྲོད་ཞབས་ཞུ་ཞིག་ཡིན་ཞིང་།  བེད་སྤྱོད་བྱེད་སྐབས་ཧ་ཅང་སྟབས་བདེ་ཡིན་ལ། འཁོར་སྡོད་ཨང་རིས་སྤྱད་དེ་ཤར་གཏོང་བྱས་པ་ཐོག་མ་ཡིན།  སྐད་འཕྲིན་གྱི་དྲ་ངོས་རྩེ་ནས“འཁོར་སྡོད་ཨང་རིས”ཀྱི་གོ་རིམ་ཆུང་ངུ་འཚོལ་ཞིབ་བྱས་ཏེ།  “ཟི་ལིང་གྲོང་ཁྱེར”བདམས་ནས་འཁོར་སྡོད་ཨང་རིས་ལ་མོས་མཐུན་བྱས་རྗེས།  “ཟི་ལིང་གི་སྤྱི་སྤྱོད་འཁོར་སྡོད་ཨང་རིས”རང་འགུལ་ངང་གཱ་ཁུག་མའི་ནང་བཅུག་ཡོད།  རླངས་འཁོར་ལ་འདུག་པའི་སྐབས་སུ།  “འཁོར་སྡོད་ཨང་རིས”ཁ་ཕྱེ་ནས་རྩ་གཉིས་ཨང་རྟགས་འཕྲུལ་ཆས་ལ་གཏད་ནས་བཤེར་བཤེར་བྱས་རྗེས་རླངས་འཁོར་དུ་བསྡད་ཆོག་པ་རེད།

ཟླ6པའི་ཚེས1ཉིན་ནས་ཟླ6པའི་ཚེས15ཉིན་བར།  ཟི་ལིང་གི་སྤྱི་སྤྱོད་རླངས་འཁོར་གྱི་འཁོར་སྡོད་ཨང་རིས་སྤྱོད་པའི་སྐུ་མགྲོན་དག་གིས་ཐེང་ཞུན་གྱི་འཁོར་སྡོད་ཨང་རིས་གདོང་ངོས་ནས་སྤྱོད་མཁན་གསར་པའི་ཆེད་གཏོགས་འཁོར་སྡོད་རིན་གཅོག་སྤ་སེ15བླངས་ཆོག་པ་དང་།  དེས་ཟི་ལིང་གི་སྤྱི་སྤྱོད་རླངས་འཁོར་ནང་འདུག་སྐབས་རླངས་འཁོར་གྱི་རིན་པ་འཐེན་འཕྲི་བྱས་ཆོག་པ་རེད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།