ཉིས་སྟོང་ཉི་ཤུ་ལོའི“རྒྱལ་ཡོངས་ཀྱི་ཚན་རྩལ་ལས་བཟོ་པའི་ཉིན་མོ”ཡི་མཚོ་སྔོན་ཞིང་ཆེན་གྱི་ཚོགས་ར་གཙོ་བོའི་བྱེད་སྒོ་དངོས་སུ་སྤེལ་འགོ་བརྩམས།

ཟླ་ལྔ་བའི་ཚེས་ཉེར་དགུ་ཉིན། ཉིས་སྟོང་ཉི་ཤུ་ལོའི“རྒྱལ་ཡོངས་ཀྱི་ཚན་རྩལ་ལས་བཟོ་པའི་ཉིན་མོའི”མཚོ་སྔོན་ཞིང་ཆེན་གྱི་ཚོགས་ར་གཙོ་བོའི་བྱེད་སྒོ་ཟི་ལིང་གྲོང་ཁྱེར་དུ་སྤེལ་འགོ་བརྩམས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་དང་། ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་ཀའོ་ཧྭ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཀྲང་ལིས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་བཅས་བྱ་འགུལ་ལ་ཞུགས།

བྱེད་སྒོ་སྤེལ་བའི་ཉིན་དེར། མ་ཅི་ཞའོ་དང་ཝང་ཞོན་གཉིས་ཀྱིས་སོ་སོར་རང་རེའི་ཞིང་ཆེན་གྱི་ཚན་རྩལ་ལས་རིགས་ཀྱི་ཕུལ་བྱུང་ལས་བཟོ་པར་འཚམས་འདྲི་བྱས་ནས། ཁོང་ཚོར་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་དང་། རང་རྟོགས་ངང་གསར་གཏོད་སྔོན་ཐོན་བརྩོན་ལེན་བྱ་སྤྱོད་ཀྱི་སྣེ་ཁྲིད་མཁན་ཡག་པོ་བྱས་ནས། མཚོ་སྔོན་གྱིས་སྔོན་འགྲོ་གཅིག་དང་སྤུལ་ལེགས་གཉིས་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་ཆེད་མུ་མཐུད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་པའི་སྐུལ་མ་བཏང་། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།