མཱ་ཅི་ཞའོ་གཞི་རིམ་དུ་སོང་ནས་སྡོད་ཁུལ་བཅོས་སྐྱོང་གསར་གཏོད་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་ཏཱ་ཀྲུང་ཁྲོམ་སྲང་གུང་ཧོ་ལམ་སྡོད་ཁུལ་དང་ཡུན་ཅཱ་ཁུག་གྲོང་རྡལ་ཏུང་ཞིན་སྡོད་ཁུལ་དུ་སོང་ནས། གཞི་རིམ་སྡོད་ཁུལ་བཅོས་སྐྱོང་གསར་གཏོད་དང་བཅོས་སྐྱོང་ནུས་པ་འཛུགས་སྐྲུན་ཐད་རྟོག་ཞིབ་བྱས།

མཱ་ཅི་ཞའོ་ཡིས་སྡོད་ཁུལ་གྱི་ཏང་རྩ་འཛུགས་འཛུགས་སྐྲུན་དང་མང་ཚོགས་ཚོགས་པའི་རྩ་འཛུགས་འཛུགས་སྐྲུན། སྡོད་ཁུལ་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། སྡོད་ཁུལ་གྱི་ལས་བྱེད་པ་དང་སྡོད་དམངས་འཐུས་ཚབ་པར་བརྗེ་རེས་གཏིང་ཟབ་བྱས། ཁོས་བསྟན་དོན། རྒྱ་ཆེའི་སྡོད་ཁུལ་ལས་བྱེད་པས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། བྱ་བའི་འགན་འཁྲི་གཏན་ཁེལ་བྱེད་པ། སྣ་མང་ཞབས་ཞུ་སྤེལ་ནས། སྡོད་ཁུལ་བཅོས་སྐྱོང་ཐད་རྨང་གཞི་བརྟན་པོ་བཏིངས་པ་དང་འགན་སྲུང་འདོན་སྤྲོད་བྱས་ལ། མི་སེམས་གཅིག་ཏུ་བསྒྲིལ་ཟེར། མཱ་ཅི་ཞའོ་ཡིས་ནན་གྱིས་བསྟན་དོན། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཏང་འཛུགས་ཀྱིས་མང་ཚོགས་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་སྡོད་ཁུལ་བཅོས་སྐྱོང་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས། སྡོད་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཚོགས་པའི་ལས་བྱེད་པས་སེམས་ཞིབ་མོས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ཀྱི་གོ་དོན་ལ་རྒྱུས་ལོན་གཏིང་ཟབ་བྱས་ནས། ཞབས་ཞུའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ཞབས་ཞུའི་རྣམ་པ་གསར་གཏོད་བྱེད་པ། ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་དགོས། ལྷག་པར་དུ་སྡོད་ཁུལ་གྱི་མང་ཚོགས་ཁྲོད་སོང་ནས་མང་ཚོགས་ཀྱི་དགོས་མཁོ་དང་རེ་བར་རྒྱུས་ལོན་གཏིང་ཟབ་བྱས་ཏེ། མང་ཚོགས་ལ་གནད་ཕིགས་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་། མང་ཚོགས་ལ་ཞབས་འདེགས་བཟང་བོ་ཞུ་བ། མང་ཚོགས་ཀྱི་ཁོངས་གཏོགས་འདུ་ཤེས་དང་སྐྱིད་སྣང་ཇེ་དྲག་ཏུ་གཏོང་དགོས། རིམ་པ་སོ་སོའི་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་བསམ་བློ་བཅིངས་འགྲོལ་གཏོང་བ་དང་། མང་ཚོགས་ཚོགས་པའི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། མང་ཚོགས་ཚོགས་པའི་མཉམ་ལས་ཅན་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སྡོད་ཁུལ་བཅོས་སྐྱོང་ལ་རྒྱབ་སྐྱོར་བྱེད་པ་དང་དེའི་ཁྲོད་ཞུགས་དགོས་ཟེར།

མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་དང་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བློ་མཐུན་བཅས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།