ཡུས་ཧྲུའུ་ཁུལ་གྱིས“123”བྱ་བའི་བྱེད་ཐབས་ལ་བརྟེན་ནས“གསར་པ་གཉིས”ཀྱི་ རྩ་འཛུགས་ཀྱི་ཏང་འཛུགས་སྐྲུན་བྱ་བའི་ཆུ་ཚད་མཐོར་འདེགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་ནུས་པ་དངོས་གནས་ཇེ་དྲག་ཏུ་གཏོང་བ་དང་། སྟོབས་ཤུགས་ཡོད་རྒུས་ཏང་གི་རྩ་འཛུགས་དང་ཏང་གི་བྱ་བ་ཕྱོགས་ཡོངས་སུ་ཁེབས་པ་མངོན་འགྱུར་བྱེད་ཆེད། ཡུས་ཧྲུའུ་ཁུལ་ཨུས“123”དཔེ་དབྱིབས་རྣམ་པ་གསར་པ་ལ་བརྟེན་ནས།“གསར་པ་གཉིས”ཀྱི་ཁྱབ་ཁོངས་ཀྱི་གནད་སའི་བྱ་བ་སྣ་ཚོགས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་འཕར་བར་རོགས་འདེགས་བྱས་པ་དང་། སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་རྩ་འཛུགས་དེ་ཉིད་ཁུལ་ཡོངས་ཀྱི་ལས་རིགས་སོ་སོའི་ཏང་འཛུགས་སྐྲུན་བྱ་བའི་དཔེ་སྟོན་གནད་ས་རུ་འགྱུར་བར་ཧུར་བརྩོན་ཅི་ཐུབ་བྱས།

“ལྟེ་བ་གཅིག་གིས་སྣེ་ཁྲིད”པའི་ཏང་འཛུགས་སྐྲུན་བྱ་བའི་རྣམ་པ་བསྐྲུན་པ། 《2020ལོའི་ཁུལ་ཡོངས་ཀྱི་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་འཛུགས་སྐྲུན་བྱ་བའི་གཙོ་གནད》ཅེས་པ་གཏན་འབེབས་བྱས་ནས་གཤམ་དུ་བཀྲམ་པ་དང་ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་སྤྱི་འདོམས་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཆབ་སྲིད་འཛུགས་སྐྲུན་དེ“གསར་པ་གཉིས”ཀྱི་རྩ་འཛུགས་ཀྱི་ཏང་འཛུགས་སྐྲུན་བྱ་བའི་གོ་གནས་ཨང་དང་པོར་འཇོག་པ་དང་། ཧུར་ཐག་གིས“འཛུགས་སྐྲུན་གཉིས”གསར་དུ་བཏོད་དེ་ཏང་འཛུགས་སྐྲུན་བྱ་བ་ཚད་ལྡན་ཅན་དུ་མངོན་འགྱུར་བྱས། ཏང་ཀྲི་པུའུ་ཚད་ལྡན་ཅན་དང་ཚད་མཐུན་ཅན་འཛུགས་སྐྲུན་བྱེད་པ་དེ་རྣལ་མོ་ཞིབ་ཚགས་སྒོས་དོན་འཁྱོལ་བྱས། སྟོབས་ཤུགས་ཡོད་རྒུས“གསར་པ་གཉིས”ཀྱི་རྩ་འཛུགས་ཀྱི་ཏང་འཛུགས་སྐྲུན་དཔེ་སྟོན་ས་ཚིགས་ཤིག་བསྐྲུན་པར་མ་ཟད། “ཆས་རྟགས་བསྐྲུན་པ་དང་དཔེ་མཚོན་སྐྱེད་སྲིང་བྱས་ནས། གནད་གཅིག་གིས་ཁྱོན་ཡོངས་ལ་སྣེ་ཁྲིད་པ་དང་ཁྱབ་འགྱེད་ཀྱིས་སྣེ་ཁྲིད”པའི་རྩ་དོན་རྒྱུན་འཁྱོངས་དང་། “འདེམས་པ་དང་། གསོ་སྐྱོང་།འཛུགས་པ། སྐུལ་འདེད”བཅས་ཀྱི་གོམ་སྟབས་བཞིའི་བྱ་བའི་བྱེད་ཐབས་སྤྱད་པ་བརྒྱུད་ནས། “གསར་པ་གཉིས”རྩ་འཛུགས་ཀྱི་དོན་དངོས་དང་ཉེ་བར་བཅར་བ་དང་། ཁྱབ་ཁོངས་མི་འདྲ་བ་དང་རིམ་པ་མི་འདྲ་བའི “གསར་པ་གཉིས”རྩ་འཛུགས་ཀྱི་ཏང་འཛུགས་སྐྲུན་གྱི་སྔོན་ཐོན་དཔེ་མཚོན་སྐོར་ཞིག་གཙོ་གནད་དུ་བཟུང་ནས་གསོ་སྐྱོང་བྱས་པ་དང་། དམར་མདོག་གི་གསར་བརྗེའི་གཞིས་ལས་འཛུགས་སྐྲུན་ལ་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་པའི་གཞིས་ལས་ཞབས་ཞུ་དེ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་པའི་ལམ་བུ་གསར་པ་ཞིག་ཧུར་ཐག་གིས་འཚོལ་ཞིབ་བྱེད་དགོས། ཏང་འཛུགས་སྐྲུན་བྱ་བའི་དཔེ་མཚོན་གྱིས་མིག་དཔེ་སྟོན་པ་དང་སྐུལ་ཁྲིད་བྱེད་པ། ཁྱབ་འགྱེད་བྱེད་པ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། སྟོབས་ཤུགས་ཡོད་རྒུས“དཔུང་སྡེ་གསུམ”འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས་གདོང་ལེན་གྱི་སྟོབས་ཤུགས་ལེགས་བསྒྱུར་བྱེད་དགོས་ལ། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་དཔུང་ཁག་ཏུ་ནུས་པ་ལྡན་མཁན་ལེགས་འདེམས་བྱས་ཤིང་། མུ་མཐུད་དུ་ཏང་འཛུགས་སྐྲུན་བྱ་བའི་མཛུབ་ཁྲིད་པ་བདམས་མངགས་བྱས་ཏེ། ཏང་ཡོན་གྱི་དཔུང་ཁག་སྔར་ལས་འཕེལ་རྒྱས་དང་སྟོབས་ལྡན་དུ་གཏོང་དགོས། དེ་དང་ཆབས་ཅིག་ཏུ། ས་གནས་སོ་སོས “གསར་པ་གཉིས”རྩ་འཛུགས་ཀྱི་ཏང་ཡོན་འཕེལ་རྒྱས་གཏོང་བའི་ཆེད་དམིགས་འཆར་གཞིའི་གྲངས་འབོར་འདང་ངེས་དང་བེད་སྤྱོད་ཡག་པོ་གཏོང་བར་མཛུབ་སྟོན་བྱས་ཏེ། ཆབ་སྲིད་ཀྱི་ཚད་གཞི་འབུར་དུ་ཐོན་པ་དང་བྱ་བའི་བརྒྱུད་རིམ་ནན་མོ་བྱས་ལ། ལྷག་པར་དུ་ཐོན་སྐྱེད་གཉེར་སྐྱོང་གི་ལས་ཡུལ་དང་པོ་རུ་ཏང་ཡོན་འཕེལ་རྒྱས་གཏོང་བའི་བྱ་བ་ལེགས་པོར་བསྒྲུབ་དགོས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།