མཚོ་སྔོན་པ་རྨ་ལྷོར་ཡུལ་སྐོར་བྱེད་ན་ཆེད་དམིགས་ལམ་ཐིག་ཡོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚུན་དུ། རང་ཞིང་གིས་མཚོ་སྔོན་པ་མཚོ་སྔོན་དུ་ཡུལ་སྐོར་བྱེད་པའི་བྱ་འགུལ་སྤེལ་མགོ་བརྩམས་པས། གྲོང་ཁྱེར་དང་ཁུལ་སོ་སོས་ཡུལ་སྐོར་ལམ་ཐིག་རྩེ་གྲས་དང་ཆེད་དམིགས་ཡུལ་སྐོར་ལམ་ཐིག་བཏོན། ཟླ5པ་ནས་ཟླ9པའི་བར་དུ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཟི་ལིང་ནས་རྨ་ལྷོར་ཡུལ་སྐོར་བྱེད་པའི་ཆེད་དམིགས་ལམ་ཐིག་བཏོད་དེ། གཟའ་མཇུག་རེ་རེར་གཅིག་གྱུར་གྱིས་རླངས་འཁོར་གཏོང་རྒྱུ་རེད།

རྨ་ལྷོ་ཁུལ་གྱི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་སྟེ། 4Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ1དང་། རྒྱལ་ཁབ་རིམ་པའི་ས་གཤིས་སྤྱི་གླིང་དང་ནགས་ཚལ་སྤྱི་གླིང་། བྱེ་ཐང་སྤྱི་གླིང་། བརླན་སའི་སྤྱི་གླིང་བཅས5ཡོད། ཐང་ག་དང་གཙགས་དྲུབ། རྡོ་བརྐོས། འཇིམ་བཟོ། འཛུགས་སྐྲུན་གྱི་ཚོན་རིས་སོགས་རེབ་གོང་སྒྱུ་རྩལ་གྱིས་རེབ་གོང་རིག་གནས་ཀྱི་མཚར་སྡུག་སྣ་མང་བསྐྲུན་པ་ཡིན་པར་མ་ཟད། དེ་བས་ཀྱང་ཡུལ་དེའི་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པ་རེད།

ཟླ5པ་ནས་ཟླ9པའི་ཟླ་མཇུག་བར་དུ། རྨ་ལྷོ་ཁུལ་གྱིས་ཟི་ལིང་ནས་རོང་བོ་གནའ་མཁར་དང་། དེ་ནས་རེབ་གོང་སྒྱུ་རྩལ་དངོས་མང་བཤམས་སྟོན་ཁང་། ཐང་ག་གླིང་། དམེ་ཤུལ་རྒྱལ་ཁབ་སྤྱི་གླིང་བར། ཟི་ལིང་ནས་ཁམས་ར། དེ་ནས་ཀ་དག་གཞིས་ཀ བདེ་སྐྱིད་སྡེ་བ་དང་ཟི་ལིང་བར། ཟི་ལིང་ནས་ཁམས་ར། དེ་ནས་ལོ་རྡོ་རྗེ་བྲག གཡའ་མདའི་མདའ་འཕེན་འགྲན་སྡུར་ཉམས་ལེན་ར་བའི་བར། ཐུན་རིན་ནས་བཙན་མོའི་ཞིང་སྡེའི་ཡུལ་སྐོར། དེ་ནས་དམེ་ཤུལ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་བར་སོགས་ཡུལ་སྐོར་ལམ་ཐིག28བཏོན་ཡོད།

དུས་མཉམ་དུ། རྨ་ལྷོ་ཁུལ་གྱིས་རིག་གནས་དང་ཡུལ་སྐོར་གྱི“ཟླ་བ་རེ་ལ་བརྗོད་དོན་རེ་དང་གཟའ་འཁོར་རེ་ལ་བྱ་འགུལ་རེའི”རིག་ལམ་དང་སྦྲེལ་ནས། གཟའ་མཇུག་རེར་ཟི་ལིང་ནས་རྨ་ལྷོ་བར་གྱི་ཡུལ་སྐོར་ཆེད་དམིགས་ལམ་ཐིག་བཏོད་དེ། རྨ་ལྷོ་ཁུལ་གྱི་རིག་གནས་དང་ཡུལ་སྐོར་གྱི་ཐོན་ཁུངས་གཙོ་བོ་དུས་མཚམས་ལྟར་རིགས་བགོས་པ་དང་། ཞིང་སྡེ་ཡུལ་སྐོར་དང་སྲོལ་རྒྱུན་དམངས་སྲོལ་ཡུལ་སྐོར། རྩྭ་ཐང་རྒྱས་འཛོམས་ཡུལ་སྐོར། སྟོན་ཁའི་འགུགས་ཤུགས་ཡུལ་སྐོར་སོགས་ཀྱི་ཕྱིར་བཚོང་དང་བརྗོད་དོན་དྲིལ་སྒྲོག་བྱ་འགུལ་གྱི་བྱེད་སྟངས་གཏན་འབེབས་བྱས་ཏེ། ཡུལ་སྐོར་པ་ཆེད་དམིགས་རླངས་འཁོར་དུ་ཙོག་ཏུ་བཅུག་སྟེ་རྨ་ལྷོའི་མཛེས་ལྗོངས་ལ་ལྟད་མོ་རོལ་དུ་འཇུག་པ་དང་། མི་ཆོས་རིག་གནས་ཉམས་ལེན་བྱེད་དུ་འཇུག་པ། རྨ་ལྷོའི་རྫོང་མཐུག་པའི་རིག་གནས་ནང་དོན་རོལ་མྱོང་བྱེད་དུ་འཇུག་པ་བཅས་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ལ་ལོངས་སུ་སྤྱོད་དུ་བཅུག་སྟེ། “ནུབ་ཕྱོགས་གནས་མཆོག་སྟེ་ངོ་མཚར་སྟོང་གིས་ཕྱུག་པའི་རྨ་ལྷོའི”ཡུལ་སྐོར་སྣང་བརྙན་གྱི་ཚོང་རྟགས་གྲགས་ཅན་བསྐྲུན་རྒྱུ་རེད།

ཟི་ལིང་ནས་རྨ་ལྷོ་བར་གྱི་ཡུལ་སྐོར་ཆེད་དམིགས་ལམ་ཐིག་བཏོད་པའི་ཚུན་དུ། རྨ་ལྷོའི་ཡུལ་སྐོར་ལས་རིགས་བསྐྱར་དུ་དར་བར་འཚོ་སྟོབས་བསྣན། ཡུལ་སྐོར་ཆེད་དམིགས་ལམ་ཐིག་དེ་གཟའ་སྤེན་པ་དང་ཉི་མ་གཉིས་ལ་ཟི་ལིང་གི་གནས་གཏན་འཁེལ་ནས་གཅིག་གྱུར་གྱིས་རླངས་འཁོར་གཏོང་བཞིན་ཡོད་ལ། ཡུལ་སྐོར་དུས་གཞོང་དུ་ཡུལ་སྐོར་པ་ཇེ་མང་དུ་སོང་བ་དང་བསྟུན་ནས། རླངས་འཁོར་དང་གཏོང་ཐེངས་ཇེ་མང་དུ་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།