མཚོ་སྔོན་ཞིང་ཆེན་དུ་ཟླ5བའི་ཚེས20ཉིན་གཉེན་སྒྲིག་དཔང་ཡིག་བླངས་པའི་མི་གྲངས་ཀྱིས་ལོ་རྒྱུས་ཀྱི་མཐོ་གསར་བསྐྲུན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས20ཉིན། ཞིང་ཆེན་ཡོངས་ཀྱི་གཉེན་སྒྲིག་དཔང་ཡིག་བླངས་པའི་མི་གྲངས་ཀྱིས་རང་ཞིང་གི་ཉིན་གཅིག་ནང་གཉེན་སྒྲིག་དཔང་ཡིག་ལེན་པའི་ལོ་རྒྱུས་ཀྱི་མཐོ་གསར་བསྐྲུན་པ་རེད། ཚེས20ཉིན་གྱི་ཕྱི་དྲོའི་ཆུ་ཚོད6བར་ཞིང་ཆེན་ཡོངས་སུ་བསྡོམས་པས་བཟའ་ཟླ2210ཡིས་གཉེན་སྒྲིག་དཔང་ཡིག་བླངས་ནས་མ་འོངས་པའི་འཚོ་བར་རྟེན་འབྲེལ་བཟང་པོའི་དབུ་ཁྱུད་བྲིས་པ་རེད།

ཚེས20ཉིན། ཞིང་ཆེན་ཡོངས་ཀྱི་གཉེན་སྒྲིག་ཐོ་འགོད་ས་ཚིགས287དང་ཐོ་འགོད་མི་སྣ314ཡོད་པ་ཚང་མ་དུས་ཐོག་ཏུ་ལས་རྐང་དུ་འབྱོར་བར་མ་ཟད། རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་ནས་གཉེན་སྒྲིག་དཔང་ཡིག་སྟེར་བའི་བྱ་བར་རྒྱུས་མངའ་ཡོད་པའི་ལས་བྱེད་མི་སྣ170གནས་སྐབས་སུ་སྐོང་འཐེན་བྱས་ཏེ། ལུས་དྲོད་བརྟག་དཔྱད་དང་རྒྱུ་ཆར་དཔྱད་ཞིབ། ཁོར་ཡུག་དུག་སེལ་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབས་ནས་གཉེན་སྒྲིག་དཔང་ཡིག་ལེན་པར་རོགས་རམ་བྱས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།