གཙན་ཚའི་ཁམ་བུའི་མེ་ཏོག་དཔྱིད་རླུང་ཁྲོད་ན་བཞད།

1.jpg

2.jpg

3.jpg

3-1.jpg

4.jpg

ཁམ་བུའི་མེ་ཏོག་རྣམ་པར་བཞད། །རབ་མཛེས་ཁ་དོག་ཚོན་དང་འགྲན། །”ཞེས་པ་སོགས། གནའ་ནས་ད་བར་ཁམ་བུའི་མེ་ཏོག་ལ་བསྟོད་པའི་སྙན་ཚིག་བགྲང་གིས་མི་ལངས། དུས་ཚིགས་འདིར་སླེབས་པ་ན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དུ་ཁམ་བུའི་མེ་ཏོག་རྣམ་པར་བཞད་ཅིང་། སྲང་ལམ་ཆེ་ཆུང་ཀུན་དང་རྨ་ཆུའི་འགྲམ་རྒྱུད་གཉིས་ཀྱི་ཁམ་སྡོང་ཡལ་གའི་སྟེང་མེ་ཏོག་རྣམ་པར་བཞད་ལ་རྣམ་པ་སྣ་མིན་ཡིན་པས་ལྷག་དུ་མཛེས་ཤིང་ལྟ་ན་སྡུག 

གཅན་ཚ་རྫོང་གི་གནམ་གཤིས་དྲོད་ཅིང་འཇམ་ལ་ས་ཁོངས་ཡོངས་སུ་མཛེས་ལྗོངས་ཁུལ་མང་པོ་ཡོད། དེའི་ནང་ཁམས་ར་རྒྱལ་ཁབ་ས་གཤིས་སྤྱི་གླིང་དང་སྔོ་རྒྱ་འགག་ཆུ་བེད་མཛེས་ལྗོངས་ཁུལ་གྱི་སྐད་གྲགས་ཆེ་ཤོས་རེད། རླངས་འཁོར་དུ་བསྡད་དེ་ཆུ་འགྲམ་གཞུང་ལམ་སྟེང་རྒྱང་ལྟ་བྱེད་སྐབས། ཐག་རིང་གི་གཡང་གཟར་གྱི་ས་དམར་ས་དབྱིབས་ཀྱི་རི་བོར་བརྗིད་ཉམས་ཆེ་ལ། ཉེ་འགྲམ་གྱི་ཁམ་བུའི་མེ་ཏོག་ཕན་ཚུན་འགྲན་རེས་བྱེད་པ་ལྟར་བཞད་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།