“མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན”གླེང་སྟེགས་སྐབས་གཉིས་པ་ཟི་ལིང་དུ་བསྡུས།

AF5A7323.JPG

འདི་ནི་གླེང་སྟེགས་ཀྱི་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས27ཉིན། “སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་དཔལ་ཡོན་འཚོལ་ཞིབ་དང་ཞིབ་འཇུག”ཅེས་པ་བརྗོད་བྱ་ཡིན་པའི"མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུནགླེང་སྟེགས་སྐབས་གཉིས་པ་ཟི་ལིང་དུ་བསྡུས་ཤིང་། ཐེངས་འདིའི་གླེང་སྟེགས་ཀྱི་དམིགས་ཡུལ་གཙོ་བོ་ནི་སྣེ་གསུམ་པའི་སྐྱེ་ཁམས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་རྒྱང་ལྟའི་རང་བཞིན་དང་འཕེལ་ཕྱོགས་རང་བཞིན་གྱི་གནད་དོན་ལ་ཞིབ་འཇུག་བྱས་ཏེ། རྒྱལ་སྤྱི་དང་རྒྱལ་ནང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་སུ་སྤེལ་རེས་དང་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་རྒྱུ་དང་། “སའི་གོ་ལའི་སྣེ་གསུམ་པའི”སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་རིགས་པའི་གཞུང་ལུགས་ཞིབ་འཇུག་ལ་སྐུལ་འདེད་ནན་ཏན་བཏང་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་ཚོགས་འདུར་ཕེབས་ཡོད་པ་རེད།

AF5A7333.JPG

ཀྲུང་གོ་ཚན་རིག་ཁང་མཚོ་བོད་མཐོ་སྒང་ཞིབ་འཇུག་སུའོ་ཡི་ཡོན་ཧྲི་ཁྲེན་ཧྥ་ཧུའུ་ཡིས་གཏམ་བཤད་གནང་བཞིན་པ།

 གླེང་སྟེགས་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་ཐེབས་རྩ་ཚོགས་པ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའི་ཡིས་གཙོ་གཉེར་བྱས་པ་ཡིན། ཀྲུང་གོ་ཚན་རིག་ཁང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སུའོ་ཡིས་གཞོགས་འདེགས་བྱས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱིས་འགན་འཁུར་ནས་སྒྲུབ་པ་ཡིན་ཞིང་། ཀྲུང་གོ་ཚན་རིག་ཁང་མཚོ་བོད་མཐོ་སྒང་ཞིབ་འཇུག་སུའོ་ཡི་ཡོན་ཧྲི་ཁྲེན་ཧྥ་ཧུའུ་དང་དགེ་རྒན་ཆེན་མོ་བ་ཀྲུའུ་ལི་ཕིང་དང་། ཀྲུང་གོ་ཚན་རིག་གླིང་ས་ཁམས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་བ་ཀྲང་དབྱི་ལི། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཚེ་རིང་ཐར་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་ཁང་རིག་གཞུང་སློབ་གླིང་གི་ཡོན་ཀྲང་ཀྲའོ་ཞིན་ཆོན་བཅས་ཆེད་དུ་གདན་དྲངས་ནས། མཚོ་བོད་མཐོ་སྒང་གི་མིའི་རིགས་ཀྱི་བྱ་འགུལ་དང་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། རྩྭ་སའི་ནུས་མང་རང་བཞིན་དང་མངོན་འགྱུར་ཐབས་ལམ་སོགས་ལ་དམིགས་ནས་ངོ་མཚར་ཆེ་བའི་འཆད་ཁྲིད་གནང་བ་རེད། 

AF5A7408.JPG

ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཚེ་རིང་ཐར་ཡིས་གཏམ་བཤད་གནང་བཞིན་པ།

AF5A7242.JPG

འདི་ནི་གླེང་སྟེགས་ཀྱི་ཡུལ་དངོས་རེད།

ཉེ་བའི་ལོ་འགའི་རིང་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོང་ཐེབས་རྩ་ཚོགས་པས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ཡོལ་དང་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དེ་བྱ་བའི་གཙོ་གནད་དུ་བཟུང་སྟེ། སྤྱི་ཚོགས་ཡོངས་ཀྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་དོ་སྣང་བྱེད་པར་སྣེ་ཁྲིད་བྱས་པ་དང་། རང་འགུལ་གྱིས་ཚན་རིག་ཞིབ་འཇུག་ཁང་དང་མཉམ་ལས་བྱེད་པའི་བྱ་བར་ཤུགས་བསྣན་ཏེ། འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཚན་རིག་པ་སྐོར་ཞིག་གནན་དྲངས་ནས་གྲུབ་པའི་བློ་འདྲི་ཚོགས་པ་བཙུགས་ནས། སྔ་གཞུག་ཏུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཚན་རིག་རྟོག་ཞིབ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་རོལ་མྱོང་། ཚན་རིག་ཞིབ་འཇུག་རྟེན་གཞི་འཛུགས་སྐྲུན་དང་སྐྱེ་ཁམས་དཔལ་ཡོན་གླེང་སྟེགས་སོགས་ཚན་རིག་ཞིབ་འཇུག་བྱ་འགུལ་སྤེལ་བ་བརྒྱུད་དེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་རིགས་པའི་གཞུང་ལུགས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།