རྡོག་རྩ་གཅིག་ཏུ་སྒྲིལ་ནས་འབྱོར་འབྲིང་སྤྱི་ཚོགས་དུ་སྐྱོད་པ།

微信图片_20200528093415.jpg

སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་མཇུག་རྗོགས་རྗེས་རྗེས་དྲན་གྱི་མཉམ་པར་བསྐྱོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས27ཉིན་གྱི་ཕྱི་དྲོར། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ཡིད་ཆེས་དང་སྤོབས་སེམས་ཀྱིས་ཁེངས་ནས། རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་ཐོན་པའི་ཨུ་ཡོན་ཚོ་དང་ལྷན་གཅིག་ཏུ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་མཇུག་བསྡུས་གྲོས་ཚོགས་སྟེང་ཞུགས། ཐེངས་འདིའི་གྲོས་ཚོགས་ནི་རང་རྒྱལ་གྱི་ཏོག་གསར་ནད་དུག་སྔོན་འགོག་ཚོད་འཛིན་བྱེད་པའི་དམག་འཐབ་ལས་གཡུར་ཏུ་ཟ་བའི་གྲུབ་འབྲས་བླངས་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་གནད་འགག་གི་དུས་སྐབས་ལ་བསྡུས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་པས། རྒྱལ་དམངས་ཡོངས་ཀྱི་རེ་འདུན་མངོན་འགྱུར་བྱེད་པའི་གྲོས་ཚོགས་ཞིག་ཡིན་ལ། ཨུ་ཡོན་ཚོའི་ཕྲག་ལའང་འགན་ཁུར་ཆེན་པོ་བབས་ཡོད་པ་གདོན་མི་ཟ། 

 དྲང་གཏམ་བརྗོད་པ་དང་ཇུས་བཟང་འདོན་པ། མཐུན་སྒྲིལ་བྱེད་པ། ཡིད་ཆེས་ཇེ་བརྟན་ཏུ་གཏོང་བ་བཅས་བྱེད་དགོས། ཉིན7གྱི་དུས་ཚོད་ནང་ཉིན་རེར་ལས་རིམ་གྱིས་ཁེངས་ཡོད། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་17གྱིས་རྒྱལ་ཡོངས་ས་གནས་སོ་སོ་ནས་ཐོན་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ལྷན་དུ་ཚོགས་འདུ་འཚོགས་ཡུན་ཇེ་ཐུང་དུ་གཏོང་བ་དང་། མྱུར་ཚད་མགྱོགས་སུ་གཏོང་བ། ལས་འགན་ལྕི་བ་བཅས་ཀྱི་གནས་ཚུལ་འོག  ཚད་གཞི་མཐོན་པོ་དང་བླང་བྱ་མཐོན་པོ། ལས་ཕྱོད་ཆེ་བ་བཅས་རྒྱུན་འཁྱོངས་བྱས་ནས། ནན་ཏན་གྱིས་ཡིག་ཆར་གྲོས་ཞིབ་བྱེད་པ་དང་མཐུན་སྦྱོར་བརྗེ་རེས་བྱེད་པ། ནད་ཡམས་ཚོད་འཛིན་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་ཁ་ཕྱོགས་ཏེ། གཡུལ་འཐབ་ལས་རྣམ་པར་རྒྱལ་བའི་དམིགས་འབེན་ལག་བསྟར་བྱེད་པ་དང་ཧུར་ཐག་སྒོས་བསམ་འཆར་འདོན་པ་སོགས་དུས་རབས་གསར་བའི་སྲིད་གྲོས་ཨུ་ཡོན་ཚོའི་སྤོབས་པ་ཆེར་བསྐྱེད་དང་འབད་འབངས་ཡར་བརྩོན་གྱི་སྙིང་སྟོབས་མཚོན་ཡོད།  གྲོས་ཚོགས་སྐབས་སུ་ཨུ་ཡོན་རྣམས་ཀྱིས་དབུལ་ཐར་མཁྲེགས་གཏོར་དང་སྐྱེ་ཁམས་སྲུང་སྐྱོང་། ནུབ་རྒྱུད་གསར་སྤེལ་ཆེན་མོ། སྤུས་ལེགས་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་ཡར་ཐོན། ཚོད་ལྟའི་ཞིང་ཆེན་ལྔ་འཛུགས་སྐྲུན་སོགས་ཀྱི་གནད་དོན་ཆེན་པོའི་ཐད་ནས་གྲོས་གཞི་བཏོན་པ་མ་ཟད། ཚོགས་ཆེན་སྟེང་ལ་གྲོས་གཞི63ཡར་སྤྲད་ཡོད། 

སྲིད་གྲོས་ཨུ་ཡོན་མཱ་ཡུའེ་ཞང་གིས་ཐེངས་འདིའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཚོགས་པ་ཡིས་ཀྲུང་ཧྭ་མི་རིགས་ཀྱི་ཡིད་ཆེས་དང་སྤོབས་པ་མཚོན་ཡོད་དེ།  ང་ཚོར་དུས་དང་རྣམ་པ་ཀུན་ཏུ་དཀའ་ཁག་ལ་མགོ་མི་སྒུར་བ་དང་།  དཀའ་ངལ་གང་གི་གཡུལ་འཐབ་ལས་རྣམ་པར་རྒྱལ་པའི་སེམས་ཤུགས་ཡོད་ཟེར། 

ཨུ་ཡོན་མཱ་ཧེ་ཅོན་གྱིས་ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་སྟེང་། རང་ཉིད་སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ཆ་ནས། ཀྲུང་གོའི་ཁྲིམས་སྐྱོང་འཛུགས་སྐྱོང་གི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཏེ་དམངས་དོན་ཁྲིམས་གཞུང་གཏན་ལ་ཕབ་པར་བདེན་དཔང་བྱས་པ་དང་།  འདིས་རང་རྒྱལ་གྱིས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལེའུ་གསར་བ་ཞིག་གི་འགོ་བརྩམས་པ་མཚོན་ཐུབ་ལ། དམངས་དོན་ཁྲིམས་གཞུང་ལག་བསྟར་བྱས་པ་དང་བསྟུན་དམངས་དོན་ཁེ་དབང་ལ་སྔར་བས་སྲུང་སྐྱོང་བྱེད་ཐུབ་པ་དང་། སྲིད་ཁྲིམས་དང་ཁྲིམས་འཛིན་ཐད་ལ་ཡང་སྔར་བས་གཞི་འཛིན་ས་ཡོད་པར་ཡིད་ཆེས་བརྟན་པོ་ཡོད་ཟེར། རང་ཉིད་བཅའ་ཁྲིམས་ཀྱི་བྱ་བ་གཉེར་མཁན་ཞིག་ཡིན་པའི་ཆ་ནས། ཕྱིར་ལས་གནས་སྟེང་སོང་ནས་གྲོས་ཚོགས་གཉིས་ལས་ཐོན་པའི་ཐུན་མོང་གི་ངོས་འཛིན་བྱ་བའི་སྒུལ་ཤུགས་སུ་བསྒྱུར་ནས་བྱ་བ་ལེགས་པོ་སྒྲུབ་པ་དང་ཚོགས་འདུའི་དགོངས་དོན་དང་དམངས་དོན་ཁྲིམས་གཞུང་དྲིལ་སྒྲོག་བྱ་རྒྱུ་ཡིན་ཟེར།   །  

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།