འཐུས་མི་ཀྲང་ཡུང་ལི་དང་ཀྲང་ཞའོ་རུང་། པད་རྒྱལ་བཀྲ་ཤིས་བཅས་ཀྱིས་ས་ཁོངས་ཚན་རྩལ་གསར་གཏོད་ཐོན་ཁུངས་ཀྱི་བཀོད་པགཅིག་གྱུར་སྤྱི་འདོམས་བྱས་ནས་ས་ཁོངས་དབར་གྱི་ཚན་རྩལ་འཕེལ་རྒྱས་དོ་སྙོམས་མེད་པའི་གནད་དོན་ཐག་གཅོད་བྱེད་དགོས་པའི་གྲོས་གཞི་བཏོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཇི་ལྟར་བྱས་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆར་འགྱུར་བ་དང་རྒྱལ་ཡོངས་སུ་ཤུགས་རྐྱེན་གལ་ཆེན་ལྡན་པའི་ཐོན་ལས་སྐྱེད་སྲིང་བྱས་ནས་ཆགས་པར་བྱེད་པ། དེ་ནས་གོ་ལ་ཧྲིལ་པོའི་འགྲན་རྩོད་ནང་ཞུགས་དགོས་པ་སོགས་ནི་མཚོ་སྔོན་གྱི་མ་འོངས་པའི་འཕེལ་རྒྱས་ལ་འཕྲད་པའི་འགྲན་སློང་ཞིག་ཡིན་མོད། འོན་ཀྱང་མཚོ་སྔོན་གྱི་ཚན་རྩལ་གསར་གཏོད་བྱ་བར་ད་དུང་མི་འདང་ས་མང་པོ་ཡོད། དེར་བརྟེན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཀྲང་ཡུང་ལི་དང་ཀྲང་ཞའོ་རུང་། པད་རྒྱལ་བཀྲ་ཤིས་བཅས་ཀྱིས་ས་ཁོངས་ཚན་རྩལ་གསར་གཏོད་ཐོན་ཁུངས་ཀྱི་བཀོད་པ་སྤྱི་འདོམས་བྱས་ནས་ས་ཁོངས་དབར་གྱི་ཚན་རྩལ་འཕེལ་རྒྱས་དོ་སྙོམས་མེད་པའི་གནད་དོན་ཐག་གཅོད་བྱེད་དགོས་པའི་གྲོས་གཞི་བཏོན།

གྲོས་གཞིའི་ནང་དུ་བསྟན་དོན། ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད་པ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ། “ཆེ་ཤོས་གསུམ”གྱི་ཞིང་ཆེན་གནས་ཚུལ་དངོས་ལ་གཞི་ཚུགས་ཏེ་གོ་སྐབས་དམ་འཛིན་དང་འཚོལ་ཞིབ་ཧུར་ཐག་བྱས་ཡོད་ལ། “དཔེ་སྟོན་ཞིང་ཆེན་ལྔ”འཛུགས་སྐྲུན་གཞི་རྟེན་དུ་བྱས་ནས། “དཔལ་འབྱོར་གྱི་རྣམ་པ་བཞི”སྣེ་ཁྲིད་དུ་བྱས་པའི་དཔལ་འབྱོར་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དེས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཁྲིད་སྟོན་དུ་འཛིན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་གོམ་སྟབས་བརྟན་པོ་སྤོས་ཡོད། འོན་ཀྱང་། མཚོ་སྔོན་གྱི་ཚན་རྩལ་གསར་གཏོད་བྱ་བར་ད་དུང་མི་འདང་ས་མང་པོ་ཡོད་ལ། སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་འཇོག་གྲངས་བསྡོམས་འབོར་དང་ཤུགས་ཚད“དམའ་བ་གཉིས”ཡིན་པ་དང་། ཚན་རྩལ་གསར་གཏོད་ཐོན་འབབ་མི་འདང་བ། ཐོན་ལས་འཕེལ་རྒྱས་ཀྱི་ཚན་རྩལ་འདུས་ཚད་མི་མཐོ་བ། ཚན་རྩལ་ཤེས་ལྡན་མི་སྣའི་བསྡོམས་འབོར་ཉུང་བ། གྲུབ་ཚུལ་ལུགས་དང་མི་མཐུན་པ། གསར་གཏོད་མ་ལག་འཛུགས་སྐྱོང་འཐུས་ཚང་མིན་པ། ཁྱབ་ཚུལ་ལུགས་དང་མི་མཐུན་པ། མཐོ་སློབ་ཀྱི་ཚན་རྩལ་གསར་གཏོད་ནུས་པ་མི་འདང་བ་བཅས་ཡིན་པ་རེད།

འཐུས་མི་ཀྲང་ཡུང་ལི་དང་ཀྲང་ཞའོ་རུང་། པད་རྒྱལ་བཀྲ་ཤིས་བཅས་ཀྱིས་རྒྱལ་ཁབ་ཀྱིས་སྲིད་ཇུས་ཀྱི་མཐོ་རིམ་ཇུས་འགོད་ཇེ་ལེགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས་མཐུན་སྦྱོར་གསར་གཏོད་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ཁ་གཏད་རོགས་སྐྱོར་ལམ་སྲོལ་ཇེ་ལེགས་སུ་བཏང་ནས་མཉམ་ལས་གཉིས་ཕན་ཡོང་བ་བྱེད་པ། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་ཇེ་ལེགས་སུ་བཏང་ནས་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་ཡོང་བ་བྱེད་དགོས་པ། རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མཐོ་སློབ་ཀྱི་ཚན་རྩལ་གསར་གཏོད་ནུས་པ་ཆེ་རུ་གཏོང་དགོས་དགོས་པ་སོགས་ཀྱི་གྲོས་གཞི་བཏོན། །

རྩོམ་སྒྲིག་པ། འབུམ་པ་རྒྱལ།

དཔྱད་མཆན 0 ཡོད།