ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་གྱི་འཐུས་མི་ཚོགས་པས་མཚོ་སྔོན་གྱིས་རྒྱལ་ཁབ་གྲངས་གཞིའི་དཔལ་འབྱོར་གསར་གཏོད་འཕེལ་རྒྱས་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པའི་གྲོས་གཞི་བཏོན།
གྲོས་གཞིའི་ནང་མཚོ་སྔོན་ལ་གྲངས་གཞིའི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐད་ནས་ས་ཁོངས་རྒྱ་ཆེ་བ་དང་། གློག་ཤུགས་འདང་བ། གནམ་གཤིས་བསིལ་བ། ས་ཁུལ་དམིགས་བསལ་ཡིན་པ་སོགས་འཕེལ་རྒྱས་ཀྱི་ལེགས་ཆ་མང་པོ་ལྡན། ཉེ་བའི་ལོ་འགའི་རིང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གྲངས་གཞིའི་དཔལ་འབྱོར་འཕེལ་རྒྱས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། “གཞི་གྲངས་ཆེན་པོའི་ཐོན་ལས་ཀྱིས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་གཞན་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་ལས་གཞི་གལ་ཆེན་ཞིག་ཏུ་བརྩི་བར་དམིགས་ནས་གྲངས་གཞི་ཆེན་པོའི་ཐོན་ལས་གཙོ་གནད་ཐོག་འཕེལ་རྒྱས་བཏང་ནས། གྲངས་གཞིའི་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ་རེད། མིག་སྔར་མཚོ་སྔོན་ཞིང་ཆེན་གྱིས་དྲ་སྦྲེལ་དང་གཞི་གྲངས་ཆེན་པོའི་ཐོན་ལས་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ཕན་འབྲས་ངེས་ཅན་ཐོབ་ཡོད། ཉེ་ཆར་མཚོ་སྔོན་ཞིང་ཆེན་གྱིས་ཡང་བསྐྱར《མཚོ་སྔོན་ཞིང་ཆེན་གྱི་གྲངས་གཞིའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལག་བསྟར་བསམ་འཆར》དང《མཚོ་སྔོན་ཞིང་ཆེན་གྱི་གྲངས་གཞིའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་འགོད》གཏན་འབེབས་བྱས་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི“1119”གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མ་ལག་འཛུགས་སྐྲུན་བྱེད་རྒྱུའི་བསམ་འཆར་བཏོན་ཡོད་ལ། “ལྟེ་བ་གཅིག་དང་རམ་འདེགས་གསུམ”གྱི་གྲངས་གཞིའི་དཔལ་འབྱོར་ཁྱབ་ཚུལ་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་བ་དང་། “བརྗོད་བྱ་ཁ་གསལ་དང་། གཙོ་གནད་མངོན་གསལ། ཁྱོན་ཡོངས་ལ་ཁྱབ་པ”བཅས་ཀྱི་དོ་དམ་མ་ལག་ཅིག་ཆགས་ཡོད། “གྲངས་གཞིའི་སྲིད་གཞུང”གི་འཛུགས་སྐྲུན་ཐད་གསར་གཏོད་མངོན་འགྱུར་བྱུང་བ་དང་། སྲིད་གཞུང་གི་ལས་སྒོ་དང་ཐབས་ཇུས་ཀྱི་ལས་ཕྱོད་ཆེ་རུ་བཏང་སྟེ། མྱུར་བགྲོད་དང་། སྤོ་སྒྱུར། བདེ་འཇགས། ཡོངས་ཁྱབ་བཅས་ཀྱི་དུས་རབས་གསར་པའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་ཚང་དང་། གྲངས་གཞིའི་ཐོན་ལས་སྔར་བས་འཕེལ་རྒྱས། ཐོན་ལས་གྲངས་གཞི་ཅན་སྔར་བས་གཏིང་ཟབ་ཏུ་བཏང་ཡོད།
འཐུས་ཚབ་ཚོགས་པས་གྲོས་གཞིའི་ནང་མཚོ་སྔོན་ཞིང་ཆེན་གྱི་གྲངས་གཞིའི་དཔལ་འབྱོར་གསར་གཏོད་འཕེལ་རྒྱས་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པར་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱེད་པ་དང་། མཚོ་སྔོན་གྱི་ས་རྒྱ་ཆེ་བ་དང་། གློག་ཤུགས་འདང་བ། གནམ་གཤིས་བསིལ་བ། ས་ཁུལ་དམིགས་བསལ་ཡིན་པ་སོགས་ཀྱི་ལེགས་ཆ་སྤྱད་དེ་གྲངས་གཞིའི་དཔལ་འབྱོར་གྱི་འབྲེལ་ཡོད་ཐོན་ལས་མགྱོགས་མྱུར་ངང་བཀོད་སྒྲིག་དང་འཛུགས་སྐྲུན་བྱེད་དགོས་ལ། གྲངས་གཞིའི་ཐོན་ལས་ཅན་དང་ཐོན་ལས་གྲངས་གཞི་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་བཏང་ནས། མཚོ་སྔོན་གྱི་དཔལ་འབྱོར་གཞན་སྒྱུར་རིམ་སྤོར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་ཏེ། མཚོ་སྔོན་གྱིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་རྒྱུར་རྨང་གཞི་བརྟན་པོ་འདིང་དགོས་པའི་བསམ་འཆར་བཏོན། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
མཚོ་སྔོན་གྱི་འཐུས་མི་ཚོགས་པས་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་གྲངས་གཞིའི་དཔལ་འབྱོར་གསར་གཏོད་འཕེལ་རྒྱས་ཀྱི་ཚོད་ལྟ་ཁུལ་བསྐྲུན་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་གྲོས་གཞི་བཏོན་པ།