མཚོ་སྔོན་གྱི་འགོག་སྨན་ཁུངས་འདེད་མ་ལག་ཐོག་མ་སྤྱོད་འགོ་ཚུགས།

青海首个疫苗全程追溯系统运行

མཚོ་སྔོན་ཞིང་ཆེན་གྱི་འགོག་སྨན་ཁུངས་འདེད་མ་ལག་ཝུའུ་ལན་རྫོང་ནས་དངོས་སུ་སྤྱོད་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས27ཉིན་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་སྲིད་གཞུང་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་གྱི་འགོག་སྨན་ཁུངས་འདེད་མ་ལག་ཐོག་མ་ཝུའུ་ལན་རྫོང་ནས་དངོས་སུ་སྤྱོད་འགོ་ཚུགས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། འགོག་སྨན་ཁུངས་འདེད་མ་ལག་ནི་འགོག་སྨན་གྱི་གློག་རྡུལ་ལྟ་ཞིབ་དོ་དམ་གྱི་ཨང་རྟགས་ཆ་འཕྲིན་དེ་འགོག་སྨན་བརྒྱུད་སྤྲོད་དང་བཀོལ་སྤྱོད་ཀྱི་གོ་རིམ་ཁྲོད་ཡོངས་སུ་བཅུག་ནས། རིམས་ཐར་འཆར་འགོད་འགོག་སྨན་དང་རིམས་ཐར་མིན་པའི་འཆར་འགོད་འགོག་སྨན་མཛོད་ཁང་དུ་འཇུག་པ་དང་ཉར་བ། འདོན་སྤྲོད། གསོག་འཇོག སྐྱེལ་འདྲེན་དང་བཀོལ་སྤྱོད་སོགས་ཀྱི་གོ་རིམ་ཡོངས་ཁུངས་འདེད་དོ་དམ་བྱེད་ཐུབ་པ་དང་། འགོག་སྨན་དེ་སྐྱེལ་འདྲེན་དང་བཀོལ་སྤྱོད་ཀྱི་གོ་རིམ་ཡོངས་སུ་ཁུངས་འདེད་ཐུབ་པ་དང་གང་དུ་སྤྱད་པར་རྗེས་འདེད་ཐུབ་པར་ཁག་ཐེག་བྱས་ནས། ཕན་ནུས་ལྡན་པའི་སྒོ་ནས་ཁྲིམས་འགལ་གྱི་འགོག་སྨན་བཀག་འགོག་བྱས་ཏེ། མི་དམངས་མང་ཚོགསལ་བདེ་འཇགས་ཀྱི་འགོག་སྨན་བཀོལ་སྤྱོད་ཞབས་ཞུ་མཁོ་འདོན་བྱ་ཐུབ། 

图为医务人员查询系统。乌兰县委宣传部

སྨན་དོན་མི་སྣས་མ་ལག་བཀོལ་སྤྱོད་བྱེད་བཞིན་པ། 

2019ལོའི་ཟླ12བའི་ཚེས1ཉིན་ནས་བཟུང་། ཀྲུང་གོའི་འགོག་སྨན་དོ་དམ་དང་འབྲེལ་བའི་ཆེན་དོན་ཁྲིམས་ལུགས་དང་པོ་སྟེ《འགོག་སྨན་དོ་དམ་ཁྲིམས་ལུགས》ལག་བསྟར་བྱས་པ་རེད། 2020ལོའི་ལོ་སྟོད་དུ། མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་བྱ་བའི་བརྙན་ལམ་ཚོགས་འདུ་གནའ་མཁར་ཟི་ལིང་དུ་བསྡུས་པ་དང་། ཚོགས་འདུར་འགོག་སྨན་བདེ་འཇགས་ལ་དམིགས་ཏེ། འགོག་སྨན་ཁྲིམས་མཐུན་དང་སྒྲིག་མཐུན་ངང་དོ་དམ་ནན་མོ་བྱ་རྒྱུའི་རེ་བ་བཏོན་ཡོད། 

 རྗེས་མར། མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཕྱོགས་ཡོངས་ནས་འགོག་སྨན་གློག་རྡུལ་ཁུངས་འདེད་ལམ་ལུགས་ལག་བསྟར་བྱ་རྒྱུ་ཡིན་པ་དང་། འགོག་སྨན་གློག་རྡུལ་ཁུངས་འདེད་མ་ལག་མགྱོགས་པོར་འཛུགས་རྒྱུར་སྐུལ་འདེད་བཏང་ནས། འགོག་སྨན་གྱི་འཁོར་རྒྱུག་གཅིག་སྡུད་དང་བཀོལ་སྤྱོད་ཀྱི་སྐབས་སུ་ཆ་འཕྲིན་རྗེས་འདེད་ཐུབ་པར་བྱས་ཏེ། ཚོང་རར་བཀྲམས་པའི་འགོག་སྨན་ཚང་མ་ཁུངས་འདེད་ཐུབ་པ་དང་། འགོག་སྨན་གྱི་ལྟ་སྐུལ་དོ་དམ་ནན་མོ་བྱེད་པ་དོན་འཁྱོལ་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།