“ཆུས་གསུམ་ཁུལ་གསུམ”གྱི་ཤིན་ཏུ་དབུལ་བོ་ཡིན་པའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་ལས་གཞིར་རྫ་ཆུ་བརྒལ་ནས་གློག་སྐུད་འཐེན་པའི་ལས་གཞི་ལག་བསྟར་བྱས།

1590458872982780.jpg

འདི་ནི་ལས་བྱེད་མི་སྣས་རྫ་ཆུ་བརྒལ་ཏེ་ལས་གཞི་ལག་བསྟར་བྱེད་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས13ཉིན། ལས་གཞི་ལག་བསྟར་མི་སྣས་ཆེས་མཇུག་མཐའི་འོད་འཁྲིད་ཚི་སྐུད་འཐེན་ནས་ལེགས་འགྲུབ་བྱུང་བ་དང་བསྟུན་ནས། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིས་འཛུགས་སྐྲུན་བྱེད་བཞིན་པའི“ཆུས་གསུམ་ཁུལ་གསུམ”གྱི་ཤིན་ཏུ་དབུལ་བོ་ཡིན་པའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་ལས་གཞི་སྟེ་ཡུས་ཧྲུའུ་ནས་རྫ་སྟོད་བར་གྱི་རིམ་པⅡཡི་སྟོང་ཧྥུ110ཅན་གྱི་ལམ་ཐིག་ཁྲོད་ཀྱི་གོ་རིམ་ཆེས་གལ་ཆེན་ཡིན་པའི་རྫ་ཆུ་བརྒལ་ནས་གློག་སྐུད་འཐེན་པའི་ལས་གཞི་ཡོངས་སུ་ལེགས་འགྲུབ་བྱུང་བ་མཚོན། དེ་ནི་ལས་གཞི་ལག་བསྟར་བྱས་པའི་རིང་ལ་ཐེངས་དང་པོར་རྫ་ཆུ་བརྒལ་ནས་ལས་གཞི་ལག་བསྟར་བྱས་པ་ཡིན། ལས་གཞི་འཁོར་སྐྱོད་བྱས་རྗེས་རྫ་སྟོད་རྫོང་དུ་ཡུན་རིང་ལ་སྟོང་ཧྥུ110ཅན་གྱི་གློག་སྐུད་གཅིག་མ་གཏོགས་མེད་པའི་གློག་འདོན་གནས་བབ་ལེགས་བཅོས་བྱེད་ཐུབ། རྒྱུས་ལོན་པ་ལྟར་ན། ལས་གཞི་དེ་ཟླ6པའི་ཚེས10ཉིན་གྱི་སྔོན་ལ་ཡོངས་སུ་ལེགས་འགྲུབ་འབྱུང་རྒྱུ་དང་། དེ་ལས་ས་གནས་དེའི་མང་ཚོགས་ཁྲི6ལྷག་གི་གློག་སྤྱོད་ཆུ་ཚད་ཇེ་མཐོར་གཏོང་ཐུབ་པ་མ་ཟད། གཙང་སེལ་དྲོད་འདོན་སོགས་འཛད་སྤྱོད་ཕྱོགས་ཀྱི་གློག་ནུས་ཚབ་བྱེད་ལས་ཐོན་པའི་གློག་ཤུགས་ཐེག་ཚད་འཕར་བའི་དགོས་མཁོའང་སྐོང་ཐུབ་པ་དང་། ཤིན་ཏུ་དབུལ་བོ་ཡིན་པའི་ས་ཁུལ་གྱི་མི་དམངས་ཀྱིས་གློག་སྤྱོད་ཐུབ་པ་ནས་གློག་ཡག་པོ་སྤྱོད་པ་མངོན་འགྱུར་བྱས་ཏེ། ཤིན་ཏུ་དབུལ་བོ་ཡིན་པའི་ས་ཁུལ་གྱི་གློག་ཤུགས་དབུལ་ཐར་མཁྲེགས་གཏོར་བྱ་བར་རྒྱལ་ཁ་ལེན་པར་རྨང་གཞི་བརྟན་པོ་བཏིང་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།