ཨུ་ཡོན་མགོན་པོ་བཀྲ་ཤིས་ཀྱིས་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་འཇུག་དགོས་པའི་བསམ་ཚུལ་བཏོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་མགོན་པོ་བཀྲ་ཤིས་ཀྱིས། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་འཇུག་དགོས་པའི་བསམ་ཚུལ་བཏོན།

མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་ནམ་ཡང་ན་དཔེ་བཟང་ཞིང་ཆེན་བསྐྲུན་རྒྱུ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་བཅུག་སྟེ། སྲིད་ཇུས་དང་ལས་གཞིའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་གྱི་སྤུས་རྟགས་གཏོད་དགོས། མཚོ་སྔོན་གྱི་འཚེམ་དྲུབས་ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར་ཤུགས་ཆེན་བྱ་དགོས། མཚོ་སྔོན་གྱི་འཚེམ་དྲུབས་ཐོན་ལས་དེ་རིག་གནས་དང་ཡུལ་སྐོར། དབུལ་སྐྱོར་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་བྱས་ནས། གྲངས་ཉུང་མི་རིགས་ཀྱི་ཁྱིམ་ཚང་སྔར་ལས་མང་བར་ཡོང་སྒོ་འཕར་སྣོན་འབྱུང་བར་བྱེད་པ་དང་དབུལ་ཐར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱ་དགོས། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་ལ་ཆེད་སྤྱོད་མ་དངུལ་བཏང་ནས། མཚོ་སྔོན་གྱིས“ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་སྣང་བརྙན་བཟོ་སྐྲུན”ནུས་ཤུགས་ཡོད་རྒུས་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་དགོས། གྲངས་ཉུང་མི་རིགས་ཀྱི་འཁོར་སྐྱོད་མི་གྲངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བར་རྒྱབ་སྐྱོར་བྱས་ཏེ། མི་རིགས་ཁག་གི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།