མཚོ་སྔོན་འཐུས་ཚབ་ཚོགས་པས་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་ནན་མོ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གནང་བའི་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་ནན་ཏན་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཁྲིན་ཞི་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཁྲིན་ཞི་ཡིས་བཤད་རྒྱུར། 2019ལོའི་ལོ་ཧྲིལ་པོའི་དམིགས་འབེན་དང་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་འགྲུབ་བྱུང་བ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པར་ཐག་གཅོད་རང་བཞིན་གྱི་རྨང་གཞི་བཏིངས་ཡོད། ད་ལོ་གློ་ཚད་རིམས་ནད་འགོག་བཅོས་དང་བཀག་འགོག་དམག་འཐབ་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། གྲུབ་འབྲས་འདི་དག་གི་ཆེས་རྩ་བར་གྱུར་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་ཕྱོགས་གསལ་སྟོན་གནང་བ་དང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཡོད་པས་རེད། སྲིད་གཞུང་བྱ་བའི་སྙན་ཞུར་རྦད་དེ་མོས་མཐུན་ཡོད། ད་ལོའི་ལས་དོན་ལེགས་པར་སྒྲུབ་པ་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་རསློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “འདུ་ཤེས་བཞི”སྔར་ལས་ཇེ་ཟབ་ཏུ་གཏོང་བ། “ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་བྱེད་དགོས་པ་གཉིས”བཟང་བོར་བསྒྲུབ་ཐུབ་པ་བཅས་བྱེད་དགོས། ཏང་འཛུགས་སྐྲུན་བྱ་བ་དམ་འཛིན་དང་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ལས་བྱེད་པའི་འགན་འཁྲི་འཁུར་ཤུགས་དང་བྱས་རྗེས་འཇོག་ཤུགས་སྔར་བས་ཆེ་རུ་གཏོང་དགོས། ལས་བྱེད་པའི་དཔུང་སྡེའི་ནུས་པ་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི“རྒྱལ་ཁ་གཉིས”བརྩོན་ལེན་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་འགན་ལེན་བྱེད་དགོས་ཟེར། 

ཝང་ཅན་ཅུན་གྱིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྙོག་འཛིང་ཆེ་བའི་དུས་བབ་ལ་ཁ་ལོ་སྒྱུར་བ་དང་འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བའི་འབོད་སྐུལ་ལེགས་པོ་བརྒྱུད་བསྒྲགས་བྱས་ཤིང་། ལས་དོན་ཕྱིར་དྲན་གྱི་རྩིས་བཤེར་ནི་དུས་ངལ་མཉམ་སེལ་གྱི་རི་མོ་ཞིག་རེད། གྲངས་ཀའི་དཔེ་རུ་བཀོད་པ་ནི་འབད་བརྩོན་ལྷོད་མེད་ཀྱི་སྦྱོང་བརྡར་ཡིན། མདུན་དུ་ལྷགས་པའི་གནས་བབ་ལ་དབྱེ་ཞིབ་བྱས་པ་ནི་རིག་པ་དྭངས་གསལ་འགྱུར་མེད་ཀྱི་མཚོན་ཚུལ་ཡིན་པ་དང་། སྤྱི་ཡོངས་ཀྱི་བཀོད་སྒྲིག་ཁ་གསལ་བྱས་པ་ནི་ངར་ཤུགས་བསྐྱེད་པའི་བསྒྲགས་གཏམ་ཡིན། ལས་འགན་གཙོ་བོ་བཏོན་པ་ནི་མཇུག་བསྡུ་བའི་ཕྱོགས་སྟོན་ཡིན། རྒྱང་སྐྱོད་ཀྱི་ལམ་དུ་སྐྱོད་པའི་མངགས་བཅོལ་ནི་སྟོབས་ཤུགས་གཅིག་སྡུད་ཀྱི་འབོད་སྐུལ་ཞིག་ཡིན་པས། ཐེངས་འདིའི་སྲིད་གཞུང་བྱ་བའི་སྙན་ཞུར་རྦད་དེ་མོས་མཐུན་ཡོད། ད་ལོར་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་སྟོབས་ལྡན་འོག རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྐུལ་འདེད་བཏང་བར་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་ནས། ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་གཟི་བརྗིད་རྣལ་མ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེན་པོ་སླར་ཡང་མངོན་ཡོད། ང་ཚོ་ཀྲུང་གོའི་དེ་རིང་དང་སང་ཉིན་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། རང་རྟོགས་ངང“འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་བྱེད་དགོས་པ་གཉིས”བཟང་བོར་བསྒྲུབ་ཐུབ་པ་བཅས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ནུས་ཤུགས་ཡོད་རྒུས་བརྩོན་ལེན་བྱེད་དགོས་ཟེར།

ལིའུ་ཉིང་གིས་བཤད་རྒྱུར། ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་འདོམས་དང་བཀོད་སྒྲིག་གནང་བ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་སྟོབས་ལྡན་འོག་ཏུ། རྒྱལ་ཡོངས་གོང་འོག་བར་གསུམ་ཚང་མས་དཀའ་སྤྱད་ཚད་མེད་བྱས་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། མགྱོགས་མྱུར་འཁོར་སྐྱོད་བྱེད་པའི་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པས“གནས་སྐབས་སྡོད་མཚམས་འཇོག་པའི་མཐེབ་གཞུང”མནན་པ་དང་། བརྟན་སྲུང་ལ་བརྟེན་ནས“མྱུར་འཇུག་མཐེབ་གཞུང”སྒོ་ཕྱེ་བའི་དམིགས་བསལ་རྒྱབ་ལྗོངས་འོག་འཚོགས་པ་ཡིན་པས། དེས་བྱེད་སྟངས་གསར་གཏོད་བྱས་ཡོད་པར་མ་ཟད། དོན་སྙིང་ཆེན་པོ་ལྡན། སྲིད་གཞུང་བྱ་བའི་སྙན་ཞུ་་ཧྲིལ་པོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྱབ་ཡོད། “འདུ་ཤེས་བཞི”འཛིན་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། “ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་བྱེད་དགོས་པ་གཉིས”བཟང་བོར་བསྒྲུབ་ཐུབ་པ་བཅས་ཀྱི་ཚད་མཐོའི་རང་རྟོགས་མཚོན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེན་པོ་མངོན་པར་བྱས་ཡོད། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་གྲུབ་འབྲས་དངོས་ཐོག་བདེན་འཚོལ་ལེན་པ་དང་། གནད་དོན་ལ་དབྱེ་ཞིབ་དང་རྩོད་སྒྲུབ་ཀྱི་ལྟ་བར་མཐུན་པ། སྲིད་ཇུས་དང་བྱེད་ཐབས་ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བ་བཅས་བྱ་དགོས། ང་རྦད་དེ་སྲིད་གཞུང་བྱ་བའི་སྙན་ཞུར་མོས་མཐུན་ཡོད་ལ། ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཟེར།  

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།