བྲག་དཀར་རྫོང་འབྲོང་ཐུས་ཞང་གིས“འཐུས་མི་གཉིས་དང་ཨུ་ཡོན་གཅིག”གི་བྱ་བའི་སྙན་ཞུ་ཚོགས་འདུ་བསྡུས་པ།

1WechatIMG203.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བྲག་དཀར་རྫོང་འབྲོང་ཐུས་ཞང་གི“འཐུས་མི་གཉིས་དང་ཨུ་ཡོན་གཅིག”གི་འགན་འཁྲི་ལག་བསྟར་བྱ་བ་ཧུར་ཐག་སྒོས་སྡེབ་སྒྲིག་གང་ལེགས་བྱ་ཆེད། འཐུས་མི་དང་ཨུ་ཡོན་གྱི་འབྲེལ་ཐག་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཟླ5པའི་ཚེས19ཉིན་གྱི་ཕྱི་དྲོར། འབྲོང་ཐུས་ཞང་གིས་དུས་ཚིགས་གཉིས་པའི་“འཐུས་མི་གཉིས་དང་ཨུ་ཡོན་གཅིག”གི་འགན་འཁྲི་ལག་བསྟར་སྙན་ཞུ་ཚོགས་འདུ་བསྡུས། རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བསོད་ནམས་ཚེ་རིང་དང་ཀྲུའུ་རིན་གཞོན་པ་དཔའ་ཆེན་ཐར་གཉིས་གདན་ཞུ་ལྟར་ཚོགས་འདུར་ཕེབས་པ་མ་ཟད་བྱ་བར་མཛུབ་སྟོན་གནང་། ཞང་ཏང་ཨུའི་ཧྲུའུ་ཅི་དབང་ཕྱུག་གིས་ཚོགས་འདུར་མགོ་འཛིན་བྱས། 

ཚོགས་འདུའི་སྟེང་ཞང་དམངས་ཆེན་ཀྲུའུ་ཞི་ཚོགས་པའི་ཀྲུའུ་ཞི་ལྷུན་གྲུབ་རྡོ་རྗེ་ཡིས་ཕྱོགས་ཡོངས་ནས་སྙན་ཞུ་ཕུལ་བ་མ་ཟད། 2020ལོའི་ཞང་དང་གྲོང་རྡལ་་གྱི་དམངས་ཆེན་འཛུགས་སྐྲུན་གྱི་བྱ་བ་དག་ཞིབ་ཚགས་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་ཤིང་། “འཐུས་མི་གཉིས་དང་ཨུ་ཡོན་གཅིག”གིས“དམངས་ཚིས་དང་སློབ་གསོ། ཁོར་སྲུང་། བདེ་སྲུང་།”སོགས་ཀྱི་ཕྱོགས་ནས་འཐུས་མི་དང་ཨུ་ཡོན་གྱི་ནུས་པ་འདོན་སྤེལ་བྱས་ཏེ། འགན་འཁྲི་ཇི་ལྟར་དང་ལེན་བྱེད་དགོས་པ་སོགས་ཀྱི་སྐོར་ནས་རེ་རེ་བཞིན་སྙན་ཞུ་ཕུལ།  ཞང་ཏང་ཨུའི་ཧྲུའུ་ཅིས“འཐུས་མི་གཉིས་དང་ཨུ་ཡོན་གཅིག”ཟུང་འབྲེལ་གྱིས་འགན་འཁྲི་ལག་བསྟར་གནས་ཚུལ་སྙན་ཞུ་བྱས་ཏེ།  ཐེངས་རྗེས་མར་གོམ་གང་མདུན་སྤོས་ཀྱིས་ཞང་ཏང་ཨུ་དང་ཞང་སྲིད་གཞུང་གི་གནད་ཆེའི་བྱ་བ་མདོར་བསྡུས་ཀྱིས་ངོ་སྤྲོད་དང་བཀོད་སྒྲིག་བྱས། དེ་ལྟར་ལས་རིགས་སོ་སོ་ལག་བསྟར་བྱས་པའི་གནས་ཚུལ་ལ་གཟིགས་ཞིབ་བྱེད་རྒྱུ་ནི་འཐུས་མིའི་བྱ་བའི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་། ཧུར་ཐག་སྒོས་འཐུས་མིའི་འགན་འཁྲི་ལག་བསྟར་དང་མཐོར་འདེགས་གཏོང་དགོས་པར་བསྟན། 

1WechatIMG204.jpg

བྲག་དཀར་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བསོད་ནམས་ཚེ་རིང་གིས་འབྲོང་ཐུས་ཞང་གི“འཐུས་མི་གཉིས་དང་ཨུ་ཡོན་གཅིག”གི་བྱ་བར་གདེང་འཇོག་མཐོན་པོ་གནང་བ་མ་ཟད། “བསམ་བློ་བརྗེ་རེས། བྱ་བའི་བགྲོ་གླེང་། དམངས་ལ་ཞབས་ཞུ། ཉམས་མྱོང་བརྒྱུད་སྤེལ། ནུས་པ་འདོན་སྤེལ། བསམ་བློ་གཅིག་གྱུར།”བཅས་དོན་ཚན་དྲུག་གི་སྒོ་ནས་ཚོགས་འདུའི་དོན་སྙིང་སྤྱི་སྡོམ་མཛད་པ་དང་ཆབས་ཅིག  བླང་བྱ་གཉིས་བཏོན་ཡོད་དེ། གཅིག་ནི་“ཡུལ་སྲོལ་དཔལ་ཡོན། སྐྱེ་ཁམས་ཁོར་ཡུག  མི་རིགས་མཐུན་སྒྲིལ།”བཅས་སྔོན་སྐྱོད་ས་ཁུལ་གསུམ་གྱི་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ཏེ། རྡོ་རྫོང་སྡེ་བ་སྔོན་སྐྱོད་དཔེ་སྟོན་ས་ཚིགས་གཙོ་བོར་བཟུང་སྟེ་སྐུལ་སློང་གི་ནུས་པ་འདོན་དགོས། གཉིས་ནི་འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་མི་དམངས་ཡིད་ཚིམ་པའི་འཐུས་མི་བཟང་པོ་ཞིག་བྱས་ཏེ། རང་ནུས་གང་ཡོད་ཀྱིས་ནུས་པ་འདོན་སྤེལ་དང་་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་ཞུ་སྒྲུབ་དགོས།  དེ་ལྟར་ནན་ཏན་གྱིས་ས་ཁུལ་འབྲེལ་གཏུག་འདེམས་དམངས་སྣེ་ལེན་དང་དམངས་ཀྱི་རེ་ཞུ་བྱས་པའི་བྱ་བ་ཡོད་ཚད་བཟང་པོར་སྒྲུབ་དགོས། 

ཚོགས་འདུའི་མཇུག་ཏུ། འབྲོང་ཐུས་ཞང་ཏང་ཨུའི་ཧྲུའུ་ཅི་དབང་ཕྱུག་གིས་བསྟན་དོན། “འཐུས་མི་གཉིས་དང་ཨུ་ཡོན་གཅིག”གིས་ཧུར་བརྩོན་གྱིས་སློབ་གསོའི་གསོ་སྦྱོང་དུ་ཞུགས་ཏེ། འགན་འཁྲི་ལག་བསྟར་ནུས་ཤུགས་དང་རང་ཉིད་ཀྱི་ཀུན་སྤྱོད་མཐོར་འདེགས་གཏོང་དགོས། དེ་བཞིན་ཞིང་འབྲོག་མང་ཚོགས་ཀྱི་ནང་དུ་ཟབ་ཞུགས་བྱས་ཏེ་མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞི་ལ་ནན་ཏན་གྱིས་ཉན་ནས་ཧུར་ཐག་གིས་བློ་བཀོད་ཐབས་ཇུས་འཐེན་དགོས་ཤིང་། འགན་འཁྲི་ལག་བསྟར་བྱེད་ཐབས་གསར་གཏོད་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་དང་སྐྱེ་ཁམས་སྲུང་སྐྱོང་། ཡུལ་སྲོལ་དཔལ་ཡོན། མི་རིགས་མཐུན་སྒྲིལ་སོགས་ཀྱི་ལས་རིགས་ཁག་རྒྱལ་ཁའི་ངང་དར་སྤེལ་གཏོང་དགོས་ཞེས་བསྟན།།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།